ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཤེས་བྱའི་བདག་དབང་གི་ལག་རྩལ་བརྟག་དཔྱད་དཔོན་སྐོར་དང་པོ་གདན་ཞུ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ནས་ཤེས་གསལ་ལྟར་ན།   མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གཉིས་མཉམ་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བློ་མཐུན10ཡོངས་བསྒྲགས་ངང་གདམ་གསེས་གདན་ཞུ་བྱས་ཏེ། སྐོར་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་ལག་རྩལ་བརྟག་དཔྱད་དཔོན་བདམས་པ་དང་། སྔར་ལས་ལྷག་པར་ཤེས་བྱའི་བདག་དབང་ལས་དོན་ཆེད་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། 

རྒྱུས་ལོན་པ་ལྟར་ན།  གདན་ཞུ་མི་སྣ་དག་ནི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་གླིང་།    ཁེ་ལས་དང་ལས་དོན་ལས་ཁུངས།    ཤེས་བྱའི་བདག་དབང་ཞབས་ཞུའི་སྒྲིག་གཞི་བཅས་ནས་ཐོན་པ་དང་།     མཐོ་རིམ་སློབ་གྲྭ་དཀྱུས་མའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཚན་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གནས་ལྡན་ལ། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ངམ་ཡང་ན་གོ་གནས་ཡོད་པ་མ་ཟད།    ལོ5ཡན་གྱི་སྨན་ལུགས་རིག་པ་དང་།    རྫས་འགྱུར།    སྐྱེ་དངོས་ལག་རྩལ།    སྐྱེ་དངོས་རྫས་འགྱུར་བཟོ་ལས།    ནུས་རྒྱུ་གསར་པ།    ཚྭ་མཚོའི་རྫས་འགྱུར།    ཀྲུང་ལུགས་དང་བོད་སྨན་གསལ་འབྱེད།    ཞིང་ལས།    སྐྱེ་དངོས་སྨན་རྫས་སོགས་ལག་རྩལ་ཁྱབ་ཁོངས་མང་པོའི་ཐོན་སྐྱེད་དང་ཇུས་འགོད།    ཞིབ་འཇུག་གསར་སྤེལ་བཅས་ཀྱི་ཉམས་མྱོང་ལྡན་པའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་ད་ཡོད་གནས་བབ་དང་འཕེལ་ཕྱོགས་སོགས་གསལ་བོར་ཤེས་ཡོད། 

གདན་ཞུ་བྱེད་སྐབས།   ཤེས་བྱའི་བདག་དབང་གི་ལག་རྩལ་བརྟག་དཔྱད་དཔོན10ཡིས་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་དབང་གནོད་ཐག་གཅོད་དང་ཁེ་དབང་སྲུང་སྐྱོང་སོགས་ཀྱི་དངོས་སྒྲུབ་རང་བཞིན་གྱི་ལས་དོན་ནང་ཞུགས་ནས། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་རིགས་ཀྱི་ཤེས་བྱའི་བདག་དབང་གི་གྱོད་གཞི་འདྲི་ཞིབ་དང་། ཤེས་བྱའི་བདག་དབང་གི་དབང་ཆར་གནོད་འཚེ་གཏོང་བའི་རྩོད་གཞིའི་སྲིད་འཛིན་ཐག་གཅོད་ལས་དོན་ལ་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་དང་།    ལག་རྩལ་ཕྱོགས་ཀྱི་རོགས་འདེགས།    “ཆེད་མཁས་པས”རོགས་འདེགས་བཅས་བྱས་ནས་ཕན་འབྲས་ཡོད་པའི་སྒོ་ནས་ཤེས་བྱའི་བདག་དབང་གི་འགལ་བ་དང་རྩོད་གཞི་དུས་ཐོག་དུ་སེལ་རྒྱུ་ཡིན་པའི་དུས་མཚུངས་སུ། ཤེས་བྱའི་བདག་དབང་སྲུང་སྐྱོང་སྡེ་ཁག་ལས་བརྒལ་བའི་མཐུན་སྦྱོར་ལས་དོན་གྱི་རྣམ་པ་གསར་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། ཤེས་བྱའི་བདག་དབང་གི་གྱོད་གཞི་ཐག་གཅོད་མི་སྣ་བཀོད་སྒྲིག་ཆེད་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་ཉེས་དོན་དང་དམངས་དོན།    སྲིད་འཛིན།    རྒྱུན་ཆད་མེད་པར་སྤྱི་ཕན་གཏུག་བཤེར་སོགས་ཤེས་བྱའི་བདག་དབང་གི་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ཡིན་པ་ལས་གཞན།    ཧུར་ཐག་སྒོས་ཤེས་བྱའི་བདག་དབང་སྲིད་འཛིན་སྡེ་ཁག་དང་འདྲི་གཅོད་ལས་ཁུངས་བར་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད།  སྔར་ལས་ལྷག་པར་ཤེས་བྱའི་བདག་དབང་སྲིད་འཛིན་སྲུང་སྐྱོང་དང་ཁྲིམས་འཛིན་སྲུང་སྐྱོང་བར་གྱི་འབྲེལ་མཐུད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  མཉམ་གཅིག་ཏུ་ཤེས་བྱའི་བདག་དབང་གི་ཁྲིམས་ཆད་འབྲེལ་མཐུད་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པ་དང་། ཁྱོན་ཡོངས་ནས་ཤེས་བྱའི་བདག་བདག་དབང་སྲུང་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།