ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ51ནན་ཅིང་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bccdf96263ee103c32c9d27b3828ad5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་མཚོ་སྔོན་ཞིང་ཆེན་ལས་དོན་རུ་ཁག་གིས་རྩ་འཛུགས་བྱས་པའི“བྱམས་སྐྱོང་བཟོ་འགོད”ཀྱི་སྐྱེལ་མ་བྱེད་པའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་བསྡུས།     ཚེས24ཉིན་མཚོ་སྔོན་ཞིང་ཆེན་དུ་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་པའི་བྱིས་པ51ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་བསྐྱོད་དེ“བྱམས་སྐྱོང་བཟོ་འགོད”ཚོགས་པའི་སྨན་བཅོས་དང་ལེན་བྱ་རྒྱུ་ཡིན་པ་རེད།     

ཤེས་གསལ་ལྟར་ན།    “བྱམས་སྐྱོང་བཟོ་འགོད”ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པའི་སྙིང་ཁམས་ཁྲག་རྩ་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་རོགས་སྐྱོབ་བྱེད་པའི་བདེ་ཐང་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་།     2014ལོར་བཙུགས་པ་ནས་བཟུང་།     “བྱམས་སྐྱོང་བཟོ་འགོད་”ཚོགས་པ་སྔ་གཞུག་ཏུ་ཞིན་ཅང་དང་མཚོ་སྔོན།    བོད་ལྗོངས།    ཀུའེ་ཀྲོའུ།    སི་ཁྲོན།    ཧྲའན་ཞི།    ཨན་ཧུའེ།    ཀན་སུའུ།    ཁྲུང་ཆིན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ།    མཐའ་མཚམས་ས་ཁུལ་བཅས་སུ་བསྐྱོད་དེ།     ལྷན་སྐྱེས་ཀྱི་སྙིང་ནད་འདེམས་བཤེར་རོགས་སྐྱོབ་ལས་དོན་རིན་མེད་ངང་སྤེལ་བ་དང་།    མི་ཁྲི10ལྷག་ལ་རིན་མེད་ངང་སྨན་བཅོས་དང་ཚན་རིག་ཁྱབ་གདལ་འཆད་ཁྲིད་ཐེངས400ལྷག་བྱས་པ་མ་ཟད།     རྫོང་དང་ཤང་གི་གཞི་རིམ་སྨན་བཅོས་མི་སྣ་ཁྲི1ལྷག་ཙམ་ལ་རིན་མེད་གསོ་སྦྱོང་བྱས་པ་དང་བརྩེ་སེམས་མ་དངུལ་སྒོར་ཁྲི་1000ལྷག་བསྡུས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ1000ཙམ་ལ་རིན་མེད་ངང་རོགས་སྐྱོབ་བྱས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པར་བྱས་རྗེས་བཞག   །   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།