ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་གཅིག་སྡུད་སྒོས་ལས་མགོ་བསྐྱར་ཚུགས་རྣམ་གྲངས109སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་གཅིག་སྡུད་སྒོས་ལས་མགོ་ཚུགས་པ་དང་ལས་མགོ་བསྐྱར་ཚུགས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་འབབ་རྩ་ཟམ་ཆེན་དང་ལམ་འདྲེན་བཟོ་འགོད་བཅས་ཀྱི་ལས་མགོ་ཚུགས་པའི་མཛད་སྒོ་གཅན་ཚ་རྫོང་མཁར་བྱང་ཁུལ་གསར་དུ་འཚོགས་པ་རེད།    ཐེངས་འདིར་ཁུལ་འདིས་གཅིག་སྡུད་སྒོས་ལས་མགོ་བསྐྱར་ཚུགས་རྣམ་གྲངས109ལག་བསྟར་བྱས་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར73.3བཏང་ཡོད། 

ཉེ་བའི་ལོ་འགའི་རིང་།    རྨ་ལྷོ་ཁུལ་གྱིས་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས“ལས་མགོ་ལེགས་པོར་བཙུགས་ནས”དང་“ལོ་ཧྲིལ་པོར་བརྟན་བརླིང་ཡོང་བར”འགན་སྲུང་བྱེད་པའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་འཇགས་ཀྱི་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་གཞི་རྩའི་རྩ་དོན་ལྟར། ཁྱོན་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ལས་གཞིའི་གོ་གནས་གལ་ཆེན་ཟིན་པར་ཚད་མཐོའི་མཐོང་ཆེན་བྱེད་པ།  རྣམ་གྲངས་དང་མ་དངུལ་གཏོང་བ་དེ“བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་ལེགས་པོ་སྒྲུབ་པའི་ཀ་རྟེན་ལྟ་བུར་བརྩིས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།      

གསར་འགོད་པས་ལས་མགོ་འཛུགས་པའི་མཛད་སྒོའི་ཐོག་ནས་རྒྱུས་ལོན་པ་ལྟར་ན།    རྨ་ལྷོ་ཁུལ་གྱིས་གཅིག་སྡུད་སྒོས་ལས་མགོ་བསྐྱར་དུ་ཚུགས་པའི་རྣམ་གྲངས109ཡོད་པ་དེ་སོ་སོར་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་།    དྭངས་གཙང་ནུས་རྒྱུ་གསར་སྤེལ།    ཁྱད་ལྡན་ཐོན་ལས་འཕེལ་རྒྱས།    གྲོང་ཁྱེར་གྱི་སྒྲིག་བཀོད་འཛུགས་སྐྲུན།    དམངས་འཚོ་འགན་ལེན་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད་ལ།     དེའི་ནང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི་འབབ་རྩའི་རྨ་ཆུའི་ཟམ་ཆེན་དང་ལམ་འདྲེན་བཟོ་འགོད་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.26བཏང་བ་དང་། དེ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་དཔལ་ལུང་རྫོང་དང་སྦྲེལ་མཐུད་བྱེད་པའི་འགག་རྩའི་ལམ་བུ་ཞིག་ཡིན་པ་མ་ཟད། རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་བར་གྱི་འབྲེལ་འདྲེས་བྱེད་པའི་གཞུང་ལམ་གལ་ཆེན་ཞིག་ཀྱང་ཡིན་ལ།     རྣམ་གྲངས་བདེ་བླག་ངང་སྐྲུན་མགོ་ཚུགས་པར་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་། རྨ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།