ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་གཉིས་ཀྱིས་ཚན་ཞིབ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་གཉིས་ཀྱིས་ཚན་ཞིབ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏང་རྒྱུ་རེད། 

གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་ཀྱིས“ལེགས་ཆ་གསབ་རེས་དང་གཉིས་ཁེ་འཕེལ་རྒྱས”ཀྱི་རྩ་དོན་ལ་གཞིགས་ནས་རིག་གཞུང་དང་། ཚན་ཞིབ། ཤེས་ལྡན་མི་སྣ་སོགས་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཆེད་ལས་ལེགས་ཆར་བརྟེན་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་བྱ་རིགས་དང་། ཉ་རིགས། རི་སྐྱེས་སྲོག་ཆགས་སོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཚན་ཞིབ་འགག་སྒྲོལ་མཉམ་ལས་ཀྱི་ལམ་སྲོལ་འཛུགས་རྒྱུ་རེད། དེ་དང་ཆབས་ཅིག་ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག་མཚོ་སྔོན་པོའི་ཕུའུ་ཧྲི་དགོ་བ་སོགས་ཀྱི་སྐྱེ་ཁམས་རིག་པ་དང་རྒྱུད་འཛིན་རིག་པའི་ལམ་སྲོལ་ཞིབ་འཇུག་དང་། སྐྱེ་ཁམས་བར་ཁྱམས་འཆར་འགོད་དང་རྒོད་འགྱུར་གློད་གྲོལ་ལག་རྩལ་ཞིབ་འཇུག མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གྲུབ་ཆ་དང་ནུས་པ་རྒྱུན་འཁྱོངས་ཀྱི་ལམ་སྲོལ། འཇིགས་སྐུལ་གྱི་རྒྱུ་རྐྱེན་སོགས་གཙོ་གནད་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ནས་གཙོ་གནད་ཞིབ་འཇུག་བྱ་གཞིའི་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་རྒྱུ་རེད། དུས་མཚུངས་སུ། མི་སྣ་བརྗེ་རེས་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་དང་། སྐྱེ་དངོས་སྣ་མང་ཁྱབ་ཁོངས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་དང་རྗེས་གྲབས་ཤེས་ལྡན་མི་སྣ་མཉམ་ལས་གསོ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས། ཕུའུ་ཧྲི་དགོ་བའི་ཕྱི་རོལ་ལྟ་ཞིབ་ཚད་ལེན་རྟེན་གཞི་དང་ཕུའུ་ཧྲི་དགོ་བའི་ཚན་ཞིབ་མྱུར་སྐྱོབ་ལྟེ་གནས་ཐུན་མོང་ཐོག་བསྐྲུན་པ་དང་། མཚོ་སྔོན་པོའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་འབྲེལ་ཆ་འཕྲིན་སྤེལ་རེས་ཀྱི་གྲོས་མོལ་ལམ་སྲོལ་བཙུགས་ནས་ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ཏེ་ཕན་ཚུན་སྒོ་དབྱེ་ནས་ཚན་ཞིབ་ཀྱི་གྲངས་གཞི་དང་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཕག་གྲུབ།