ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་“ཁུ་ནུ་འཇོན་མིའི་མཐོ་རིམ་གསར་གཏོད་ལས་སྐྲུན་འཇོན་མིའི”འཆར་གཞི་ཁྲོད་བདམས་མཁན་གྱི་དུས་སྐབས་དང་པོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མིའི་མཐོ་རིམ་གསར་གཏོད་ལས་སྐྲུན་འཇོན་མིའི”འཆར་གཞི་ཁྲོད་བདམས་མཁན་གྱི་དུས་སྐབས་དང་པོའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་སྔོན་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དུ་བསྒྲུབས་མགོ་ཚུགས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོ་དང་། ཚྭ་མཚོའི་ཐོན་ཁུངས། མཐོ་སྒང་གསོ་རིག ཁྱད་ལྡན་སྐྱེ་དངོས་སོགས་ཁྱབ་ཁོངས་ཀྱི་རྩེར་སོན་འཇོན་མི59ཞུགས། 

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  རྒྱལ་གཅེས་ཧུར་བརྩོན་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བྱས་ནས། ཆེད་མཁས་འཇོན་མིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། རྒྱལ་གཅེས་དང་གསར་སྐྲུན་གསར་གཏོད་བྱེད་ཕོད་པ་བཅས་ལ་སྐུལ་ལྕག་གནང་ནས། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་རྒྱུན་འཛིན་པ་ལ་བྱེད་པར་བརྩོན་ལེན་བྱེད་པ་ཡིན། 

“མེས་རྒྱལ་ལ་དགའ་བ་དང་། བླ་མེད་གཏོང་ཕོད། རང་སྟོབས་རང་སྤེལ། དཀའ་སྤྱད་སྡུག་རུས། མཐུན་འགྲིག་དང་རྩེར་སོན་བྱེད་ཕོད་པའི”“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་བློའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། དུས་ཡུན་ཉིན་ལྔའི་དུས་ཚོད་ནང་། གསོ་སྦྱོང་འཛིན་གྲྭས་ཆེད་དོན་བཞུགས་མོལ་དང་། བརྗོད་དོན་སྙན་ཞུ། ཡུལ་དངོས་སློབ་ཁྲིད། བརྗེ་རེས་བགྲོ་གླེང་སོགས་ཀྱི་རྣམ་པ་མང་པོས། ཆེད་མཁས་འཇོན་མིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ལ་ངེས་ཤེས་ཟབ་མོ་ཡོད་པ་དང་། ཏང་གི་སྲོལ་རྒྱུན་དང“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་ངེས་ཤེས་བསྐྱེད་དེ།  སྲིད་ཇུས་གཞུང་ལུགས་ཆུ་ཚད་དང་གསར་གཏོད་ལས་སྐྲུན་ནུས་ཤུགས་མཐོ་རུ་བཏང་ནས། སློབ་སྦྱོང་གི་ཐོབ་འབྲས་དེ་ལས་དོན་འཕེལ་རྒྱས་ཀྱི་ལག་ལེན་དུ་བསྒྱུར་བར་བྱས་ནས། མཚོ་སྔོན་འཛུགས་སྐྲུན་ཐད་བློ་གྲོས་སྟོབས་ཤུགས་འབུལ་དགོས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།