ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ལས་སྐྲུན་འགྲན་བསྡུར་ཁྲོད་མཚོ་སྔོན་སློབ་ཆེན་ལ་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་བའི་ཞབས་ཞུའི་གསེར་གྱི་བྱ་དགའ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་མཉམ་དུ་སྒྲུབ་པའི་འགྲན་སློང་རྟགས་མའི་ཀྲུང་གོའི་སློབ་ཆེན་སློབ་མའི་ལས་སྐྲུན་འཆར་གཞི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་མཇུག་འགྲིལ་བ་རེད། མཚོ་སྔོན་སློབ་ཆེན་དང་རྒྱལ་ནང་གི་སློབ་ཆེན་མང་པོ་ཞུགས་པའི་རྣམ་གྲངས30ལ་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་བའི་ཞབས་ཞུའི་གསེར་གྱི་བྱ་དགའ་ཐོབ། ཐེངས་འདིར་བྱ་དགའ་ཐོབ་པ་ནི་མཚོ་སྔོན་སློབ་ཆེན་གྱི་འགྲན་བསྡུར་འདིའི་སྟེང་གསར་གྱི་བྱ་དགའ་ཐོག་མ་ཐོབ་པ་ཡིན་ལ། རང་ཞིང་གི་གསེར་གྱི་བྱ་དགའ་ཐོག་མའང་ཡིན། 

ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ཁྲོད་རྒྱལ་ཡོངས་སུ་བསྡོམས་པས་མཐོ་རིམ་སློབ་གྲྭ3011གི་སློབ་མ་ཁྲི142.4ཞུགས་ཡོད། མཚོ་སྔོན་སློབ་ཆེན་གྱི་འགྲན་ཞུགས་རྣམ་གྲངས《ཞི་ལང་ཅིན་སྐྱེ་དངོས་ཏེ་ཐུམ་འབུའི་ནད་རྒྱུ་མང་ཅན་གྱི་འགོག་བཅོས་ཞབས་ཞུ》ཞེས་པ་ནི་གསོ་རིག་པུའུ་དགེ་རྒན་ཆེན་མོ་ཐང་ཧྥེང་དང་ཞི་རོན་ལེ་ཡིས་མཛུབ་སྟོན་གནང་སྟེ། སློབ་མ་ཧུའུ་པིན་ཝུན་དང་ཕིང་སི་ནན། ཀྲའོ་ཅ་བཅས་ཀྱིས་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་པ་ཡིན། རྣམ་གྲངས་ལ་ཐུམ་འབུའི་ནད་ཐོན་རྫས་ཀྱི་འགོག་སྨན་ཞིབ་འཇུག་དང་། སྒྲིག་སྦྱོར་ཐོན་སྐྱེད། ཁྱབ་གདལ་ཉོ་ཚོང་། ཞབས་ཞུ་སྒྲོག་འགྲེལ་བཅས་གཅིག་ཏུ་བསྡུས་ཡོད། གཙོ་བོ་ཐུམ་འབུའི་ནད་མཆེད་ཁུལ་གྱི་མི་ཕྱུགས་དང་རི་སྐྱེས་སྲོག་ཆགས་བར་གྱི་མཆེད་པའི་ཐབས་ལམ་བཅད་དེ། རྒྱུ་མང་ཅན་གྱི་ཐུམ་འབུའི་ནད་འགོག་བཅོས་མ་ལག་གྲུབ་པར་ཤུགས་བསྣན་ཏེ། བཀོལ་སྤྱོད་མ་རྩ་ཇེ་ཉུང་དུ་གཏོང་བ་དང་། འགོག་བཅོས་ཕན་འབྲས་ཇེ་ཆེར་བཏང་ནས། གཞི་རིམ་གྱི་རིམས་འགོག་དཀའ་གནད་ཞི་ལྷོད་དུ་བཏང་བ་བརྒྱུད། མཐོ་སྒང་འབྲོག་ཁུལ་གྱི་ཐུམ་འབུའི་ནད་ཕོག་པའི་ཁྱིམ་ཚང་ལ་རེ་བ་གསར་བ་བསྐྲུན་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་སློབ་ཆེན་གྱིས་གསར་གཏོད་ལས་སྐྲུན་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། “མགོ་རྩོམ་ས་མཐོ་བའི་གནས་ཁེལ་དང་ཚད་གཞི་མཐོ་བའི་འཆར་འགོད། ཆུ་ཚད་མཐོ་བའི་སྐུལ་འདེད”ཀྱི་མཉམ་འདྲེས་ཟབ་མོའི་འཕེལ་རྒྱབ་ཐབས་ལམ་ཞིག་འཚོལ་ཞིབ་བྱས། 2021ལོར་སྐབས་བདུན་པའི་ཀྲུང་གོ་རྒྱལ་སྤྱིའི་འཕྲིན་སྦྲེལ་དྲ་བ+སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཐོབ་པ་དང་། 2022ལོར་རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྐྲུན་སློབ་གསོའི་ལག་ལེན་རྟེན་གཞི་རུ་ཆོག་མཆན་ཐོབ། ཐེངས་འདིར་གསེར་གྱི་བྱ་དགའ་ཐོབ་པར“འཕྲིན་སྦྲེལ་དྲ་བ+”འགྲན་སློང་རྟགས་མའི་རྒྱལ་ཡོངས་འགྲན་བསྡུར་གྱི་གསེར་དང་དངུལ། ཟངས་ཀྱི་རྟགས་མ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།