ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་དམིགས་བསལ་འགྲེམ་སྟོན་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གྲངས་འཛིན་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་དམིགས་བསལ་འགྲེམ་སྟོན་དེ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གཞི་གྲངས་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པ་དང་། ཐེངས་འདིའི་དམིགས་བསལ་འགྲེམ་སྟོན་པར་རིས་མང་པོ་ཞིག་གི་སྟེང་ནས་རྨ་ལྷོ་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་སྡེ་བའི་ཐུན་མོང་མ་ཡིན་པའི་རིག་གནས་མངོན་ཡོད། 

ད་བར་རྨ་ལྷོ་ཁུལ་གྱི་སྡེ་བ54ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་ནང་ཚུད་པ་དང་། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་སྡེ་བ10གཅིག་སྡུད་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་གྱི་གྲས་ཡིན།  རང་ཞིང་གི་མཐོ་སྒང་རི་ཁུལ་དང་རོང་འབྲོག་ཟུང་འབྲེལ་གྱི་སྲོལ་རྒྱུན་སྡེ་བའི་མཚོན་བྱེད་ཡིན་པའི་ཆ་ནས།     ཁུལ་འདིའི་སྲོལ་རྒྱུན་སྡེ་བ་གཙོ་བོ་རེབ་གོང་གྲོང་ཁྱེར་དང་གཅན་ཚ་རྫོང་གཉིས་ཀྱི་རྨ་ཆུ་དང་རོང་བོ་གཙང་པོའི་འགྲམ་ངོགས་གཉིས་སུ་ཁྱབ་ཡོད་ལ། དེའི་ནང་ས་བབ་ཅུང་དམའ་བའི་སྡེ་བ་ནི་ཞིང་ལས(གྲོ་དང་ཞོག་ཁོག  སྔོ་ཚལ )འདེབས་འཛུགས་གཙོ་བོ་ཡིན་པ་དང་། ས་བབ་ཅུང་མཐོ་བའི་སྡེ་བ་རུ་ཞིང་ལས་དང་ཕྱུགས་ལས་གཉིས་ཀ་ཡོད་པས། རང་བྱུང་མཛེས་ལྗོངས་དང་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་དམངས་སྲོལ་རིག་གནས་ལྡན། 

ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གྲངས་འཛིན་དངོས་མང་བཤམས་སྟོན་ཁང་ནི་རྒྱལ་ཁབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གསར་སྤེལ་འཛུགས་སྐྲུན་བྱས་པའི་སྲོལ་རྒྱུན་སྡེ་བའི་ཡུལ་ལྗོངས་ཆ་ཚང་དང་།    ཤེས་བྱ་ཀུན་བརྒྱའི་རྣམ་པའི་འགྲེམས་སྟོན་སྟེགས་བུ་དང་རིག་གཞུང་ཐོན་ཁུངས་སྤེལ་རེས་སྟེགས་བུར་གཞིར་བཟུང་སྟེ།    ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་རྨོ་ཞིང་གི་དཔལ་ཡོན་གཅིག་ཏུ་བསྡུས་ཏེ་མངོན་པས། རྒྱལ་ཁབ་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་སྡེ་བའི་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།     

ཤེས་གསལ་ལྟར་ན།   དྲ་རྒྱ་སྟེང་ཏུ་ཞུགས་ཟིན་པའི་སྲོལ་རྒྱུན་སྡེ་བའི་འཐུས་ཚབ9མ་གཏོགས།   རྨ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བ45ཡང་ཉེ་ལམ་ཆ་ཚང་ངང་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གྲངས་འཛིན་བཤམས་སྟོན་ཁང་དུ་བཅའ་སྡོད་བྱ་རྒྱུ་ཡིན།     ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།