ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་མི་བཟང”ཞེས་པའི2023ལོའི་དུས་ཚིགས་དང་པོའི་མི་བཟང་གྲས་སུ་ཚུད་པའི་མི་སྣ་ཁྱབ་བསྒྲགས་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་གྱི་མི་བཟང”2023ལོའི་དུས་ཚིགས་དང་པོའི་མི་བཟང་གྲས་སུ་ཚུད་པའི་མི་སྣ་ཁྱབ་བསྒྲགས་མཛད་སྒོ་ཟི་ལིང་དུ་བསྡུས།   གཞན་ལ་ཕན་བདེ་སྒྲུབ་དགའ་བ་དང་།    བདེན་ལུགས་དོན་དུ་སྒྲུབ་ཕོད་པ།    དྲང་བདེན་ཡིད་རྟོན།   ལས་ཀར་དགའ་བ་དང་བྱས་རྗེས་འཇོག་པ།   རྒན་བཀུར་གཉེན་གཅེས་བཅས་རིགས་ཆེན་པོ་ལྔ་ཡི་སྟེང་ནས“མཚོ་སྔོན་གྱི་མི་བཟང”12མིང་ཐོ་གྲས་སུ་ཚུད་ཡོད་ལ།     ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས། 

ཁྱབ་བསྒྲགས་བྱ་འགུལ་སྟེང་བརྙན་ཐུང་གཏོང་བ་དང་ཕན་ཚུན་བགྲོ་གླེང་བྱེད་པ།    བྱ་དགའ་སྤྲོད་པའི་ཤིས་ཚིག་སྒྲོག་པ།    རིག་རྩལ་འཁྲབ་སྟོན་བྱེད་པ།    མི་བཟང་གི་འཐུས་མིས་འབོད་སྐུལ་གཏོང་བ་སོགས་ངོ་མཚར་ཆེ་བའི་རྣམ་པ་ཞིག་གི་སྟེང་། ཁྱབ་བསྒྲགས་བྱས་པའི“མཚོ་སྔོན་གྱི་མི་བཟང”ཁྲོད་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་མི་ལེགས་པོ་ཡོད་ཅིང་།    སྡེ་བ་དབུལ་བོར་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ཧྲུའུ་ཅི་དང་པོ་ལི་ཡུས་ལན་དང་། ཡུས་ཧྲུའུ་ལ་བྱས་རྗེས་འབུལ་མཁན“བྱམས་ལྡན་ཨ་མ”སུན་ཏེང་། མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་འབྲོག་པའི་ཏང་ཡོན་བཀྲ་རྒྱ།     བདེན་ལུགས་དོན་དུ་སྒྲུབ་ཕོད་པ་དང་མང་ཚོགས་ལ་རོགས་སྐྱོབ་ཐེངས་མང་པོར་བྱེད་མཁན་མེ་འགོག་པ་ཚེ་རིང་ནོར་བུ།     ཁ་དན་ཚིག་གནས་ཀྱི་མི་བཟང་དང་སྨྱུ་གུ་ལ་བརྟེན་ནས་སྐད་སྙན་པོ་བརྒྱུད་བསྒྲགས་བྱེད་མཁན་གྱི་ལས་འཁྱུར་ལས་བྱེད་པ་ཀྲའོ་ཅིའུ་ལན།     ལས་ཀར་དགའ་བ་དང་བྱས་རྗེས་འཇོག་པ་དང་དྲང་གཞག་དྲང་བདེན་གྱི་བུད་མེད་ཁྲིམས་དཔོན་ཁྲེན་ཀྲི་ཞིའུ།   མཐོ་སྒང་གཞི་ཚུགས་པའི་གློག་དྲའི་བུད་མེད་ཝུའུ་ཅ་ནན།    ཚ་ལ་རྒྱག་པའི་མེ་མདའ“མཐོ་སྒང་གི་ལག་ཤེས་པ”དབྱང་ཡུང་ལེ།    ཨ་ཆེན་གངས་རྒྱབ་མི་མེད་ཁུལ་གྱི་ཉེན་རྟོག་པ་བཟང་པོ་ཀྲའོ་ཞིན་ལུའུ།    ལོ30ལྷག་ལ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་མཁན་ཆི་ཧུང་ཧྥེང་།     བགྲེས་པོར་སྲི་ཞུ་དང་གཉེན་ཉེ་ལ་དགའ་ཞེན་ཆེ་བ་དང་།  ལས་ནུས་ཤོར་བའི་ཨ་མར་བྱམས་བརྩེའི་ནམ་མཁའ་ཞིག་འདེགས་པའི་ཀྲང་རེན། བརྩེ་སེམས་བཅངས་ནས་བགྲེས་པོར་སྲི་ཞུ་སྒྲུབ་པའི་ཏུང་ཝུན་དབྱིང་བཅས་རེད། 

བྱ་འགུལ་སྤེལ་ཡུལ་དུ“མཚོ་སྔོན་གྱི་མི་བཟང”སོ་སོའི་སྔོན་ཐོན་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་།     ཚང་མས་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱས་ཏེ་་ཀུན་སྤྱོད་དང་སྤྱོད་བཟང་ལ་དོ་སྣང་ཆེན་པོ་བྱས་པ་བརྒྱུད། ས་གཞི་ཆེན་མོར་སྤྱོད་བཟང་གི་རྣམ་པ་ཞིག་ཆགས་ཏུ་འཇུག་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།  །   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།