ཀྲུང་གོ་བོད་ཀྱི་དྲ་བ།

དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 3པའི་ཚེས18ཉིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་དགུ་གསུམ་སློབ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་གཞི་བྱས།

གྲོས་ཚོགས་ལས་འདས་ཟིན་པའི་ལོ་གཅིག་རིང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་སྟོན་དང་རོགས་སྐྱོར་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཐེངས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཡིག་ཆ་གསུམ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་ཚོགས་མི་རྣམས་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་སྲོལ་རྒྱུན་ཡག་པོ་དར་སྤེལ་དང་། “གསར་བཞི”དང“བཟང་གསུམབླང་བྱ་ལྟར། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་དམིགས་ཏེ། སྲིད་ཞུགས་ཏང་ཞིང་ཆེན་རིམ་པའི་རྩ་འཛུགས་ཀྱི་འགན་ནུས་ལག་བསྟར་གང་ལེགས་བྱས་པར་བསྟན།

གྲོས་ཚོགས་ལས2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པའི་མགོ་རྩོམ་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོའང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པའི་སོ་སོའི་སློབ་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། གཏན་ཕབ་གཉིས་ཀྱི་གཏན་འཁེལ་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་དགོས། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ། དགུ་གསུམ་སློབ་ཚོགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། འགན་སྒྲུབ་ཁ་ཕྱོགས་ཡང་དག་སྒོས་འཚོལ་བ་དང་འགན་སྒྲུབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། འགན་སྒྲུབ་ནུས་པ་མཐོར་འདེགས་སུ་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་ཏེ། སྤྱི་ཚོགས་ཞབས་ཞུ་ཡང་བསྐྱར་ཁྱད་ཆོས་གསར་བ་མངོན་པར་སྐུལ་འདེད་བཏང་སྟེ། རྩ་འཛུགས་འཛུགས་སྐྲུན་གྱིས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ་དང་། ལས་ཁུངས་བྱ་བའི་རྣམ་པ་གསར་བ་གཏོད་དེ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་དགུ་གསུམ་སྟོབས་ཤུགས་འབུལ་དགོས་པར་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།