ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས《བྱེད་ཐབས་འགའ》བཏོན་ནས་གཞི་རིམ་ནོར་སྲིད་མི་སྣའི་དོ་དམ་ལ་ཤུགས་བསྣན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་གསལ་ལྟར་ན། ནོར་སྲིད་སྒྲིག་སྲོལ་གཟབ་ནན་གྱི་བླང་བྱ་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱར་གཞིགས་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་གཞི་རིམ་ནོར་སྲིད་མི་སྣའི་དོ་དམ་དོན་དངོས་དང་ཟུང་འབྲེལ་སྒོས། 《གཞི་རིམ་ནོར་སྲིད་མི་སྣའི་དོ་དམ་ལ་ཤུགས་བསྣོན་པའི་སྐོར་གྱི་བྱེད་ཐབས་འགའ》(གཤམ་དུ《བྱེད་ཐབས་འགའ》རུ་འབོད)ཞིབ་འཇུག་བྱས་ཏེ་དཔར་འགྲེམ་བྱས་པ་དང་། ནོར་སྲིད་མི་སྣའི་དོ་དམ་འགན་འཁྲི་དོན་འཁྱོལ་གཟབ་ནན་དང་ནོར་སྲིད་དོ་དམ་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཁྱོན་ཡོངས་ནས་ནོར་སྲིད་བྱ་བའི་ཞིབ་བཤེར་མཛུབ་སྟོན་ལ་ཤུགས་བསྣོན་དང་། མུ་མཐུད་ནས་ནོར་སྲིད་བྱ་བའི་སློབ་གསོའི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། རྩིས་གཉེར་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་སོགས་ཐད་ཀྱི་བྱ་བའི་བྱེད་ཐབས་སྣ14བཏོན་པ་དང་། གཞི་རིམ་རྩིས་གཉེར་མི་སྣའི་དོ་དམ་ཤུགས་དྲག་དང་གཞི་རིམ་ནོར་སྲིད་བྱ་བ་ཚད་ལྡན། ནོར་སྲིད་ལྟ་སྐུལ་གྱི་ཤུགས་ཚད་དང་ནོར་སྲིད་མ་དངུལ་གྱི་རྨང་གཞི་སྲ་བརྟན་ལ་ཤུགས་བསྣན། 

《བྱེད་ཐབས་འགའ》ལས་གཞི་རིམ་ལས་ཁུངས་ཀྱིས་གཞི་རིམ་ནོར་སྲིད་མི་སྣའི་འགན་འཁྲི་གསལ་བོར་བྱས་པ་དང་། དེར་རང་བདག་གི་བསྐོ་འཇོག་དང་ལྟ་སྐུལ་དོ་དམ། རྒྱུགས་ལེན་དཔྱད་ཞིབ་བྱ་དགའ། སློབ་གསོའི་གསོ་སྦྱོང་སོགས་ཀྱི་དོ་དམ་འགན་འཁྲི་འདུས་པ་མ་ཟད། གཞི་རིམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ནོར་སྲིད་མི་སྣས་ནོར་སྲིད་དོ་དམ་བྱ་བའི་ཁྲོད་ཀྱི་ཆེད་ལས་ཀུན་སྤྱོད་ཚད་ལྡན་དང་། ཆེད་ལས་སྤུས་ཚད། བྱ་བའི་སྤྱོད་སྟངས། བྱ་བའི་སྒྲིག་སྲོལ། ཆེད་ལས་ནུས་པ་བརྩི་སྲུང་སོགས་ཐད་ཀྱི་རྒྱུན་རྣམ་ཅན་གྱི་དོ་དམ་ལ་ཤུགས་བསྣོན་དགོས་པའི་བླང་བྱ་བཏོན། 

《བྱེད་ཐབས་འགའ》ཡིས་ནོར་སྲིད་དོ་དམ་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ནང་ཁུལ་ཉེན་ཁ་ཚོད་འཛིན་སྒྲིག་སྲོལ་དོན་འཁྱོལ་བྱེད་པ་དང་། ནོར་སྲིད་དོ་དམ་གྱི་བྱེ་བྲག་ཅན་དེ་ཚད་ལྡན་གྱི་བྱ་བའི་གོ་རིམ་དུ་བསྒྱུར་རྒྱུ་རེད། འབྲེལ་ཡོད་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བར་བླང་བྱ་གསལ་བོ་བཏོན་པ་དང་སོ་སོར་དོ་དམ་འགན་འཁྲི་གསལ་བོར་བྱས། གཞི་རིམ་ལས་ཁུངས་ཀྱིས་ཕན་ནུས་ལྡན་པའི་ནང་ཁུལ་ཞིབ་བཤེར་དང་། ནང་ཁུལ་རྩིས་བཤེར་སོགས་ཀྱི་བྱ་བའི་བྱེད་ཐབས་ཀྱིས་ནོར་སྲིད་མི་སྣའི་ནང་ཁུལ་ལྟ་སྐུལ་ཤུགས་ཆེར་བཏང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཁག་གིས་རྩིས་བཤེར་དང་ཁྲལ་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ། མི་དམངས་དངུལ་ཁང་སོགས་འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་འགྲིག་ལ་ཤུགས་བསྣན་ཏེ། ནོར་སྲིད་ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོ་རུ་གཏོང་རྒྱུ་རེད། 

《བྱེད་ཐབས་འགའ》ཡིས་གཞི་རིམ་ལས་ཁུངས་ཀྱི་ནོར་སྲིད་དོ་དམ་གྱི་འགན་དབང་འབྲེལ་བ་གསལ་བོར་བྱས་པ་དང་། ཁྲིམས་ལྟར་གཞི་རིམ་ནོར་སྲིད་མི་སྣའི་རྩིས་གཉེར་ལྟ་སྐུལ་འགན་འཁྲི་འགན་སྲུང་དང་། ཁྲིམས་ལྟར་འབྲེལ་ཡོད་ལས་ཁུངས་དང་། མི་སྣའི་ཁྲིམས་འགལ་སྒྲིག་འགལ་འགན་འཁྲི་ཐད་གསལ་བོར་བྱས། ལས་ཁུངས་གང་རུང་དང་མི་སྒེར་གྱིས་རྣམ་པ་གང་རུང་གིས་ནོར་སྲིད་སྡེ་ཁག་ལ་བཀོད་པ་གཏོང་བ་དང་། རྩིས་གཉེར་དཔང་ཡིག་དང་། རྩིས་གཉེར་རྒྱུ་ཆ་རྫུན་བཟོ། ནོར་སྲིད་རྩིས་གཉེར་སྙན་ཞུ་རྫུན་མ་མཁོ་འདོན་བྱས་མི་ཆོག ནོར་སྲིད་སྒྲིག་སྲོལ་དང་འགལ་བའི་གཞི་རིམ་ལས་ཁུངས་དང་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་རྩད་གཅོད་དང་། ནག་ཉེས་གྲུབ་པ་ཡིན་ན། ཁྲིམས་ལྟར་ཁྲིམས་འཛིན་སྡེ་ཁག་སྤྲད་དེ་ཐག་གཅོད་བྱེད་རྒྱུ་ཡིན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།