ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ས་ཚིགས་ཀྱི་མཚོ་སྔོན་ཞིང་ཆེན་བསྡུ་ལེན་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་རྒྱལ་ཡོངས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ཚོད་ལྟའི་ས་ཚིགས་ཀྱི་མཚོ་སྔོན་ཞིང་ཆེན་བསྡུ་ལེན་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ཚོད་ལྟའི་ཞིང་ཆེན་རིམ་པའི་བསྡུ་ལེན་བྱ་བ་བཀོད་སྒྲིག་བྱས་ནས། དུས་སྐབས་དང་པོའི་རྒྱལ་ཡོངས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་རྒྱལ་ཁབ་རིམ་པའི་བསྐྱར་ཞིབ་བསྡུ་ལེན་ཐད་རྨང་གཞི་སྲ་བརྟན་བཏང་། 

ཚོགས་འདུ་ལས་བསྟན་དོན། གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་སྐུལ་འདེད་གཏོང་བའི་ཚོད་ལྟ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། ལོ་ངོ་གསུམ་གྱི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག རང་ཞིང་གི་གྲོང་ཁྱེར་སྤྱི་ཚོགས་དེང་རབས་ཅན་ཚོད་ལྟའི་ས་ཚིགས་ཀྱི་འཛུགས་སྒྲུབ་ཐད་ཁ་ཚང་བའི་རྩ་འཛུགས་སྒྲིག་གཞི་ཞིག་གྲུབ་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་ཧུར་ཐག་གིས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཞིང་ཆེན་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་སྤྱི་ཚོགས་བཅོས་སྐྱོང་ཆེད་དོན་ཚན་ཆུང་གི་ཁོངས་མི་ལས་ཁུངས་ཀྱིས་ལས་འགན་ལ་རྐང་འཛུགས་པ་དང་མ་ལག་ཁྱབ་ཁོངས་ལ་དོ་སྣང་བྱས་ཏེ། རང་སྟེང་གི་ཁྱད་ཆོས་འདོན་སྤེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་བྱ་བ་འཕེལ་རྒྱས་སུ་གཏོང་དགོས། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལས་ཁུངས་དང་སྡེ་ཁག་སོ་སོས་བསམ་བློའི་ངེས་ཤེས་དང་། བྱ་བའི་གནད་ཁེལ། གཙོ་གནད་ལས་གཞི། དཔེར་མཚོན་སྤྱི་བསྡོམས་ཐད་ཤུགས་བསྣན་ནས་མི་འདང་ས་ཁ་གསབ་དང་། 《བསྡུ་ལེན་བྱེད་ཐབས》ཀྱི་གཏན་ཁེལ་བྱས་པའི་ལས་འགན་སྟེང་ཡོངས་སུ་ཁེབས་པ་དང་འཐུས་ཤོར་མི་གཏོང་བར་ཁག་ཐེག་བྱས་ཏེ། རྟགས་ཚད་ཞིབ་འཇུག་ཤུགས་དྲག་ཏུ་བཏང་ནས། དཔུང་ཁག་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་པར་དངོས་འབེབས་བྱེད་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་དང་། རིམ་པ་བགར་བ་དང་གོ་རིམ་ལྡན་པའི་ངང་བསྡུ་ལེན་བྱས་ཏེ། འདུས་ཤུགས་གྲུབ་པའི་ཐད་ཤུགས་བསྣོན་དགོས། ཏན་ཏིག་གིས་ལེགས་སྒྲིག་དང་སྤྱི་བསྡོམས། བྱ་བ་སྦྱོང་བརྡར་ལེགས་པོར་སྒྲུབ་ནས། དཔེར་མཚོན་གྱི་གསོ་སྦྱོང་ཁྱབ་སྒྲོག་བྱ་བར་དམ་འཛིན་སྒོས། གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་གོ་རིམ་ཁྲོད་གནས་པའི་དཀའ་གནད་སོགས་བཙལ་ཏེ། མུ་མཐུད་ནས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།