ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་དོ་དམ་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་ལས་འགན་སོ་སོར་སྐུལ་འདེད་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་དུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་། མཚོ་སྔོན་པོའི་གནས་སྐོར་ཚོང་ར་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། དོ་དམ་འཁོར་རྒྱུག་སྒྲིག་སྲོལ་ལེགས་སྒྲིག་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ལིའུ་ཐའོ་འཁོར་དང་བཅས་པ་སྔ་རྗེས་སུ་གུང་ཧོ་རྫོང་དང་ཧེ་ཡན་རྫོང་། རྐང་ཚ་རྫོང་སོགས་སུ་སོང་ནས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་ཅུའུ་འཛུགས་སྐྲུན་དང་། ཡུལ་དངོས་ནས་གཞུང་སྒྲུབ་ཁང་དང་། སྡེ་ཁག་གི་མི་སྣ། ཁྲིམས་ལུགས་ལག་བསྟར་སྒྲིག་ཆས་སྡེབ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་ནི། མཚོ་སྔོན་པོའི་རྒྱལ་ཁབ་སྤྱིི་གླིང་གསར་སྐྲུན་བྱེད་པའི་སྔོན་འགྲོ་གལ་ཆེན་ཡིན་ལ། འབྲེལ་ཡོད་ས་ཁུལ་སྡེ་ཁག་གིས་འགན་འཁྲི་མཐོར་འདེགས་དང་། མཐུན་འགྲིག་ཤུགས་དྲག་ཏུ་བཏང་སྟེ། མཐུན་འགྲིག་དམ་ཟབ་དང་སྤུས་ཚད་མཐོ་བའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཐད་གཞོགས་འདེགས་མཁོ་འདོན་བྱེད་དགོས་ཞེས་བསྟན། 

ལིའུ་ཐའོ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། བཅོས་བསྒྱུར་བྱེད་ཐབས་ཀྱི་བླང་བྱ་ལྟར། འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་ནས། ནུས་མཐོའི་གོ་རིམ་ལྡན་པའི་འཁོར་རྒྱུག་སྒྲིག་སྲོལ་འཛུགས་སྒྲུབ་བྱེད་དགོས། གནད་དོན་གྱི་ཁ་ཕྱོགས་དང་དམིགས་འབེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། སློབ་སྦྱོང་གསོ་སྦྱོང་ལ་ཤུགས་བསྣན་ཏེ། བྱ་བའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་དང་། ནང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། འགན་འཁྲི་གསལ་བོ་དང་ཁྲིམས་ལུགས་ལག་བསྟར་ལས་དོན་ཚད་ལྡན་དུ་བཏང་ནས། ཁྲིམས་ལུགས་ལག་བསྟར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།