ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་སྐོར་གྱི་ན་གཞོན་འཇོན་མི་སྐྱེད་སྲིང་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསར་འགོད་པ།རྡོ་རྗེ་བསམ་འགྲུབ།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20230317144058.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་སྐོར་གྱི་ན་གཞོན་འཇོན་མི་སྐྱེད་སྲིང་གསོ་སྦྱོང་འཛིན་གྲྭ་ཟླ3པའི་ཚེས16ཉིན་ནས་ཚེས18ཉིན་བར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སུ་འཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་དང་གསར་འགྱུར། དཔེ་སྐྲུན། སློབ་ཁྲིད། ཚན་ཞིབ་སོགས་འབྲེལ་ཡོད་ལས་ཁུངས28ནས་ཐོན་པའི་ན་གཞོན་སློབ་མ40ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

微信图片_20230317144431.jpg

གསོ་སྦྱོང་གིས་སྔར་ལས་ལྷག་པར་མཚོ་སྔོན་གྱི་མི་རིགས་སྐད་ཡིག་གི་ན་གཞོན་ལོ་ཙཱ་བའི་ལས་རིགས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་ལོ་ཙཱ་བའི་དཔུང་སྡེ་ལ་སྟོབས་ཤུགས་གསར་བ་སྣོན་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་ཁྲོད་སྔར་བས་ལག་བསྟར་བྱེད་པ་དམིགས་ཡུལ་དུ་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱ་བོད་ལོ་རྒྱུས་ཞིབ་འཇུག་པ་དང་དམངས་སྲོལ་ཆེད་མཁས་པ་བཀའ་མ་མཁའ་འབུམ་དང་། དེ་སྔའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་འབུམ་རམས་པའི་དགེ་རྒན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་རབ་འབྱམས་སློབ་མའི་དགེ་རྒན། རྒྱ་བོད་ལོ་ཙཱའི་ཆེད་མཁས་པ་སྐལ་བཟང་འབུམ་སོགས་གདན་ཞུ་གནང་སྟེ། མི་རིགས་སྐད་ཡིག་ལོ་ཙཱའི་འཇོན་མི་གསོ་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བརྗེ་རེས་འགྲོ་འོང་གི་ལོ་རྒྱུས། རྒྱ་བོད་ལོ་ཙཱའི་ལག་ལེན་དང་ཐབས་ལམ། མི་རིགས་སྐད་ཡིག་ལོ་ཙཱའི་ཐད་ཀྱི་བསམ་ཚུལ། ཚན་རྩལ་བརྡ་ཆད་ཀྱི་ལོ་ཙཱ་དང་སྐད་ཡིག་རིག་གནས་ཀྱི་རྩད་ཞིབ་སོགས་དང་འབྲེལ་ནས་སློབ་ཁྲིད་དང་བསམ་ཚུམ་བརྗེ་རེས་བྱས། དེར་མ་ཟད་མཚོ་སྔོན་ཞིང་ཆེན་མི་རིགས་དངོས་མང་བཤམ་སྟོན་ཁང་སོགས་སུ་ཡུལ་དངོས་ལྟ་སྦྱོང་བྱས།

1679041430903235.jpg

ཐེངས་འདིའི་གསོ་སྦྱོང་ནི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ལས་གཞིའི་མ་དངུལ་ཐད་ནས་རོགས་སྐྱོར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་གཙོ་གཉེར་གནང་བ་ཡིན། །

微信图片_20230317162137.jpg

微信图片_20230317162425.jpg

微信图片_20230317145843.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།