མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན།   མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ་དང་།     ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཝང་ལི་མིན་གྱིས་ཚོགས་འདུར་མགོ་འཛིན་གནང་བ་དང་།      དབྱང་ཧྥུང་ཁྲུན་དང་ཉི་མ་སྒྲོལ་མ།  ལིའུ་ཐུང་ཏེ།    ཀྲང་ཧོང་ཡོན།    ལུའུ་ཀང་།    ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས། 

 ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་མི་དོན་བྱ་བའི་ཐད་ཀྱི་གནས་ཚུལ་སྐོར་གྱི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་གསལ་བཤད་ལ་ཉན་པ་བཅས་ཀྲུའུ་རེན་ཚོགས་འདུའི་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་སྟེང་བརྒྱུད་སྒྲོག་དང་གསལ་བཤད་བྱེད་པར་མོས་མཐུན་བྱུང་། 

ཚོགས་འདུའི་སྟེང་གོ་རིམ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཉིན་རེའི་གྲོས་རིམ་བཀོད་སྒྲིག(མ་ཟིན)བྱས་ཚུལ་གྱི་སྙན་ཞུ་དང་།     ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྲོལ་ཡིག》།    《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྲོལ་ཡིག》ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ།     《ཏ་ཐུང་ཧུའེ་རིགས་དང་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་སྲོལ་ཡིག》ཞིབ་བཤེར་སྙན་ཞུའི་སྐོར་གྱི་སྙན་ཞུ།    2022ལོར་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ།    དེ་བཞིན་མི་དོན་བསྐོ་འཐེན་གྱི་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ཀྲུའུ་རེན་ཚོགས་འདུའི་སྟེང་གོང་གི་གྲོས་གཞི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱུང་། 

ཚོགས་འདུའི་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་དང་།    གྲོས་ཚོགས་བསྡུ་བའི་དུས་ཚོད།    འཐུས་མིའི་གྲོས་གཞིའི་གཙོ་གནད་ལས་དོན།    ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་བྱ་བའི་འཕེལ་རིམ་བཀོད་སྒྲིག་བྱས་ཚུལ་སོགས་ཀྱི་སྙན་ཞུར་ཉན་པ་དང་ཀྲུའུ་རེན་ཚོགས་འདུའི་སྟེང་གོང་གི་སྙན་ཞུར་མོས་མཐུན་བྱུང་།  

ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།    །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།