ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་འདུ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་གྲོས་ཚོགས་སོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད།  ཁྲི་འདུ་རྫོང་གིས“མགྱོགས་མྱུར་དང་དྲིལ་སྒྲོག  དོན་དངོས།  གཟབ་ནན”བཅས་ཀྱི་གཏན་འབེབས་ལ་དམིགས་ནས།  ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང“གླེང་བ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”གྱི་ལས་བྱེད་པ་བརྒྱ་ལྷག་གྲོང་གསེབ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ནས།  ཏང་གི་རེ་བ་དང་ཐུགས་ཁུར་མང་ཚོགས་ལ་བརྗོད་དེ་སྒྲོག་འགྲེལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་འགན་ལེན་བྱས། 

“མགྱོགས་མྱུར”སྔོན་ལ་བཞག་སྟེ།  བྱེད་སྒོའི་ལག་བསྟར་ཇུས་གཞི་གཏན་འབེབས་དང་། སྐུལ་སློང་ཚོགས་ཆེན་འཚོགས་པ།  ལས་བྱེད་པ173སྐོང་འཐེན་བྱེད་པ་བཅས་བྱས་ནས། མཐུན་སྦྱོར་ཚོ་ཆུང་དང་།  ལྟ་སྐུལ་ཞིབ་བཤེར་ཚོགས་པ།  དྲིལ་སྒྲོག་ཡར་ཞུ་ཚོ་ཆུང་བཅས་བཙུགས་ནས་ལས་བྱེད་པའི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པའི་འགན་ལེན་བྱས།  རྫོང་རིམ་པའི་མགོ་ཁྲིད་ཀྱིས“མཉམ་འབྲེལ་བཅུ་དང་དམ་འཛིན་བཅུའི”སྡེ་བའི(སྡེ་ཁུལ)སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།  གོང་ནས་འོག་བཞིན་གོ་རིམ་ཡོད་པའི་ངང་སྤྱོད་ཚུལ་བཟང་པོར་བརྟེན་ནས།  ཕན་འབྲས་བཟང་པོ་ཐོན་པར་འགན་ལེན་བྱས།

“དྲིལ་སྒྲོག”རྩ་བར་བཟུང་ནས།  “ཁྲ་ལའི་བུད་མེད་སྒྲོག་འགྲེལ་རུ་ཁག”དང“རྟ་ཐོག་སྒྲོག་འགྲེལ་རུ་ཁག”སོགས་གཞི་རིམ་གྱི་སྒྲོག་འགྲེལ་སྟོབས་ཤུགས་འདོན་སྤེལ་བྱས་ཏེ།  དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་དང་།  ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ།  སྒྲོག་འགྲེལ་ཀློག་དེབ་སོགས་རྣམ་པ་མང་པོ་བརྒྱུད་ནས་སྒྲོག་འགྲེལ་བྱས་ཏེ།  རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དེ་སྲོལ་རྒྱུན་གྱི་བྱེད་ཐབས་ནས་དྲ་རྒྱ་རུ་རྒྱ་ཆེར་བཏང་སྟེ།  རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་། 

“དོན་དངོས”དམིགས་སུ་བཟུང་ནས།  གྲོང་ཚོ་དང་དུད་ཚང་གི་དོན་དངོས་ལ་གཞི་ཚུགས་ནས།  སྒྲོག་འགྲེལ་ལས་དོན་དེ་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་དང་། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།  གྲོང་གསེབ་ཀྱི་རྩ་འཛུགས་དར་སྤེལ་གཏོང་བ།  འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་བཅས་དང་ཟུང་འབྲེལ་བྱས་ཏེ།  སྒྲོག་འགྲེལ་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།  ལས་དོན་ལ་བརྟེན་ནས་སྒྲོག་འགྲེལ་ལ་སྐུལ་འདེད་བཏང་སྟེ།  སྒྲོག་འགྲེལ་བྱེད་སྒོར་ཕན་འབྲས་དངོས་ཐོབ་རྒྱུའི་འགན་ལེན་བྱས། 

“གཟབ་ནན”རྩ་བར་བཟུང་ནས།  རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཧྲུའུ་ཅི་དང་པོ་ལས་གནས་སུ་ཕེབས་པ་དང་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད།  ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་དེ་དཔྱད་ཞིབ་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། སྒྲོག་འགྲེལ་ལས་དོན་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་མཐོང་ཆེན་བྱས་ནས།  ལས་བྱེད་པས་སྒྲོག་འགྲེལ་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་། ཕུལ་བྱུང་གི་སྒྲོག་འགྲེལ་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱས་ནས།  དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་འཁུར་བར་སྐུལ་ལྕག་བྱས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།