ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧའེ་ཧུང་གིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འཛད་སྤྱོད་སླར་གསོའི་འགུལ་སྐྱོད་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འཛད་སྤྱོད་སླར་གསོའི་འགུལ་སྐྱོད་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་བཀོད་སྒྲིག་ལྟར། དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་ཞིང་ཞབས་ཞུའི་ཤུགས་ཚད་ཇེ་ཆེར་གཏོང་བ། བྱེད་ཐབས་སྣ་མང་སྤྱད་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བར་ཤུགས་འདོན་པ་བཅས་བྱས་ནས། དུས་ཚིགས་དང་པོའི་འཛད་སྤྱོད་དཔལ་འབྱོར་གྱི་རྒྱལ་ཁ་ལེན་པར་འབད་པ་བྱེད་དགོས།

ཝང་ཧའེ་ཧུང་སོགས་སྔ་གཞུག་ཏུ་ཧིན་ཞིན་དངུལ་གཏོང་དོ་དམ་ཀུང་སི་དང་། ཝན་ཝེ་དངོས་ཟོག་འཁོར་རྒྱུག་གླིང་། ཞིན་ཧྥ་ཏིས་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར། ཙོང་ཆུའི་ཞིང་ཕྱུགས་ཚོང་རྫས་ཉོ་འཚོང་ཀུང་སི། མཚོ་ཤར་ཧྲང་དབྱི་ཐང་ཆེན་དང་ཐང་ཏའོ་རྣམ་གྲངས་ཡུལ་དངོས་སོགས་ཁེ་ལས་ལ་རོགས་བྱས་ཏེ་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་དངོས་འབེབས་གནས་ཚུལ་འདྲི་རྟོགས་བྱས་པ་དང་། ཁེ་ལས་བདག་གཉེར་དང་རྣམ་གྲངས་སྐུལ་སྤེལ་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་འབྲེལ་ཡོད་བསམ་འཆར་བསྡུ་ལེན་བྱས།

ཝང་ཧའེ་ཧུང་གིས་ནན་གྱིས་བསྟན་དོན། ཁེ་ལས་ལ་རོགས་བྱས་ཏེ་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་དངོས་འབེབས་མཐའ་འཁྱོལ་བྱེད་དགོས་ལ། ཁེ་ལས་ཀྱི་སྤྱིའི་གནད་དོན་ལ་ཁ་གཏད་རང་བཞིན་གྱི་རོགས་སྐྱོར་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། ཁེ་ལས་ཀྱི་རང་སྒེར་གནད་དོན་གཅིག་ལ་གཅིག་འཚམ་གྱིས་ཐག་གཅོད་ཡང་དག་བྱེད་པ། ལྷག་པར་དུ་རིགས་སོ་སོའི་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་དང་དུས་ལྟར་མ་དངུལ་བསྡུ་སྒྲིག་དང་ལས་མི་བཀོལ་སྤྱོད། དངོས་ཟོག་འཁོར་རྒྱུག་སོགས་ཀྱི་དཀའ་ཁག་ཐག་བཅད་ནས། ཁེ་ལས་བདེ་ཐང་དང་གཏན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་ཀྱིན་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྣམ་གྲངས་ཕན་འབྲས་མཐོ་ཞིང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བར་འགན་སྲུང་དང་། ཚོང་འགུག་དངུལ་འདྲེན་གྱི་ནུས་ཚད་ཆེ་རུ་གཏོང་བ། ཚོང་འགུག་དངུལ་འདྲེན་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོའི་འདོན་སྤྲོད་ཀྱིས་དགོས་མཁོ་གསར་བར་སྣེ་ཁྲིད་དང་གསར་གཏོད་བྱེད་དགོས། ཕྱོགས་བསྡུས་ཁྲལ་སྲུང་དང་ཟུང་སྐྱེལ་འཁོར་རྒྱུག། འཁྱག་ཟས་གསོག་མཛོད་ཁང་། གློག་རྡུལ་ཚོང་གཉེར་སོགས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྐུལ་འདེད་བཏང་ནས། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་དང་འཛད་སྤྱོད་གཞི་རྒྱ་ཆེ་རུ་བསྐྱེད་པ། ཁྱད་ལྡན་འཛད་སྤྱོད་གསོ་སྐྱོང་དང་འཛད་སྤྱོད་ནུས་པར་སྐུལ་སློང་བྱས་ཏེ། འཛད་སྤྱོད་ཀྱི་བརྟན་འཇགས་འཕར་སྣོན་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།