ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐུང་ཏེ་ཡིས་འགན་འཁྲི་ལྗིད་མོ་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་ནས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་ངེས་པ་དོན་གྱིས་བསྒྱུར་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཐུང་ཏེ་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་ལྗིད་མོ་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་ནས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་ངེས་པ་དོན་གྱིས་བསྒྱུར་ཏེ། རྨ་ཆུ་དྭངས་གཙང་དང་མི་དམངས་བདེ་སྐྱིད། ཁོར་ཡུག་མཛེས་སྡུག་གི་དུས་རབས་གསར་པའི་པར་རིས་འབྲི་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐུང་ཏེ་ཡིས། བཅའ་ཁྲིམས་ཀྱི་དོན་ཚན་དང་ཞིབ་ཏུ་བསྡུར་བ་དང་། གཏན་འབེབས་ཁག་ལག་བསྟར་ནན་ཏན་བྱས་ནས། རང་སྟེང་གི་ཁྲིམས་གཏན་ལས་འགན་དངོས་འབེབས་བྱེད་དགོས། ལག་བསྟར་གཙོ་གནད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ས་ཆུ་སྲུང་འཛིན་དང་ཆུའི་སྦགས་བཙོག་འགོག་བཅོས། ཆུ་གྲོན་ཆུང་བཅས་འབུར་དུ་དོད་པ། སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ་བཅོས་སྐྱོང་ཇེ་དྲག་ཏུ་བཏང་ནས། ཐོན་སྐྱེད་འཚོ་བའི་རྣམ་པ་ཕྱོགས་སྒྱུར་དང་ལེགས་སྒྱུར་བྱེད་དགོས། ས་གནས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་རྟོག་གི་དགོས་ངེས་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་བྱེད་ཤུགས་ཆེར་བསྐྱེད་ནས། ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་གྲགས་སྲུང་དགོས། རྨ་ཙོང་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན། དར་སྤེལ་བཅས་བྱེད་པ་དང་། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་འདྲེས་སྦྱོར་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེར་སྐྱེད་པ་དང་། རྨ་ཆུའི་གཏམ་རྒྱུད་ལེགས་པར་བརྗོད་ཅིང་། སྤྱི་ཚོགས་ཡོངས་ཀྱིས་རྨ་ཆུ་སྲུང་སྐྱོང་ལ་དོ་སྣང་དང་རྒྱབ་སྐྱོར། ཟབ་ཞུགས་བྱེད་པའི་མཁའ་དབུགས་ལེགས་པོ་བསྐྲུན་དགོས།

ཞིང་ཆེན་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་ཚོགས་འདུ་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།