ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་པ་དང་། རྒྱལ་ནང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས།     

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་ནི་ཝེ་ཧྥུའུ་ཝུན་དང་ཁྲེན་ཧྥ་ཧུའུ་གཉིས་ཀྱིས་སྣེ་ཁྲིད་མཛད་པ་དང་།     རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་།    སྐྱེ་ཁམས་སྲུང་སྐྱོང་།    རང་བྱུང་སྲུང་སྐྱོང་ཁུལ།    སྤྱི་ཚོགས་དཔལ་འབྱོར།    རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ15ཡིས་གྲུབ་པ་ཞིག་ཡིན་ལ། དེར་རིམ་པ་མཐོ་བ་དང་ཁྱབ་ཁོངས་རྒྱ་ཆེ་བ།    འཐུས་ཚབ་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན།     འགན་འཁྲི་ལྟར་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་གཏིང་ཟབ་མོས་ངང་ལག་ལེན་བྱས་ཐོག    ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།      ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་གཞི་མཐོན་པོའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་སྤྱིའི་བླང་བྱ་དངོས་འབེབས་བྱས་པ་བརྒྱུད།      མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ལག་རྩལ་ཕྱོགས་ཀྱི་རྒྱབ་སྐྱོར་དང་ཆེད་མཁས་པའི་བློ་འདྲིའི་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་།    མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་འཆར་འགོད།    རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག རྣམ་གྲངས་གལ་ཆེན་སོགས་འབྲེལ་ཡོད་སྲིད་ཇུས་དང་གནད་དོན་ཐད་གྲོས་གཞི་འདོན་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་འབྲེལ་ཡོད་ཞིབ་འཇུག་ནང་དོན་གལ་ཆེན་གྱི་ཚན་རིག་ཞིབ་འཇུག་དང་དུ་བླངས་བ།    གྲུབ་འབྲས་གལ་ཆེན་ལ་རིགས་པས་ཁུངས་སྐྱེལ་བ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་བཀོད་སྒྲིག་བྱས་པའི་བྱ་བ་གལ་ཆེན་གཞན་དག་གི་ཆེད་མཁས་པའི་བློ་འདྲིའི་ལས་དོན་གྱི་འགན་འཁུར་རྒྱུ་རེད།     

གཞན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་མངའ་འོག་ཏུ་གཞུང་ལས་ཁང་བཙུགས་ཏེ། ཆེད་མཁས་པའི་ཨུ་ལྷན་གྱི་རྒྱུན་ལྡན་གྱི་བྱ་བར་འགན་འཁུར་བ་དང་། གཞུང་ལས་ཁང་དེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་རུ་བཙུགས།     

བྱ་བའི་སྒྲིག་སྲོལ་ལྟར། ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གིས་རྩ་དོན་ལྟར་དུས་ཚིགས་རེར་གྲོས་ཚོགས་ཐེངས་རེ་འཚོག་རྒྱུ་དང་།    གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་མི་སྣ་རྩ་འཛུགས་བྱེད་དགོས་ལ། བྱ་བའི་དགོས་མཁོ་ལྟར་དུས་ཐོག་ཏུ་ཚོགས་འདུ་འཚོག་ནའང་ཆོག  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།