ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཁེ་ལས་ཀྱི་མགོ་ཁྲིད་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས13ཉིན་ནས་ཚེས15ཉིན་བར། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་མཇུག་སྒྲིལ་མ་ཐག མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཝུའུ་ཞའོ་ཅན་བཅས་ཀྱིས་མགོ་ཁྲིད་དེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་དོ་སྣུམ་སོལ་རླངས་ཚད་ཡོད་ཀུང་སི་བཅས་ལ་མཇལ་འཛོམས་གནང་སྟེ། ལས་དོན་ཡར་ཞུ་དང་རྒྱབ་སྐྱོར་བརྩོན་ལེན། མཉམ་ལས་གཏིང་ཟབ་ཏུ་བཏང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཉིན་རྒྱུན་བྱ་བར་དོ་དམ་གྱི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཞའོ་ཅང་། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ཝང་ཞང་ཞི། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཁྲང་ཅན་ཧྭ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་མགོ་འཛིན་ཞིན་པའོ་ཨན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མགོ་འཛིན་ཀྲའོ་ཧོན། ཀྲུང་དབྱང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་མགོ་འཛིན་ཆན་ཝུན་ཧྭའེ། ཀྲུང་གོ་དོ་སྣུམ་སོལ་རླངས་ཚད་ཡོད་ཀུང་སིའི་མགོ་འཛིན་ཏའེ་ཧོའུ་ཧྭ་དང་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྲོས་མོལ་ལ་ཞུགས།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཡུན་རིང་ལ་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁོང་གཉིས་ཀྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། དམངས་འཚོ་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་བརྒྱུད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་ཐོབ་པར་མུ་མཐུད་དུ་སྐུལ་འདེད་བཏང་། དེར་བརྟེན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔར་བཞིན་མཚོ་སྔོན་ལ་དོ་ཁུར་གནང་སྟེ། སྲིད་ཇུས་དང་རྣམ་གྲངས། འཇོན་མི། མ་དངུལ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་གནང་སྟེ། མཉམ་ལས་སྔར་ལས་གཏིང་ཟབ་སྤེལ་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ལ་རོགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན། 

ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་སྟེ། རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ལ་ལན་སློག ཁོང་ཚོས་བསྟན་དོན། མཚོ་སྔོན་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་གོ་གནས་བཅས་ཤིན་ཏུ་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཕེལ་རྒྱས་རེ་འདུན་ལ་བསམ་བློ་བཏང་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་བསྟན།

དེའི་སྐབས་སུ་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་བཅས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་པད་གོ། ཀྲུའུ་ཞང་ཧྥེང་། ལིའུ་ཐའོ། ལིའུ་ཁྲའོ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།