ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱིས་ཁེ་ལས་ལ་དཔལ་འབྱོར་ཚོང་དོན་སྤེལ་རེས་ཀྱི་སྟེགས་བུ་མང་པོ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་གྱི་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་དང་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོར་མཚོ་སྔོན་ཞིང་ཆེན་ཉོ་ཚོང་སྐུལ་འདེད་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”གཏོད་པའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་དངོས་ཤུགས་ལྡན་པའི་ཁེ་ལས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་བྱེད་སྒོ་གལ་ཆེན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་མ་ཟད། རྩེར་སོན་སྒྲིག་ཆས་དང་། ནུས་རྒྱུའི་ཐོན་ཁུངས། ཞིང་ལས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ནང་ཞུགས་ཏེ་ཐོན་ལས་གཞན་སྒྱུར་རིམ་སྤོར་གཏིང་ཟབ་ཏུ་གཏང་རྒྱུར་རམ་འདེགས་བྱས་ནས་ཚོང་དོན་མ་འཇོག་ཕྱོགས་གཉིས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད། 

རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་བྱེད་སྒོར་ཞབས་འདེགས་ཞུས་ནས“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“སྐྱེ་ཁམས་འགྲེམས་ཚོགས”སོགས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་བྱེད་སྒོ་གལ་ཆེན་ནང་ཧུར་ཐག་སྒོས་ཞུགས་ཏེ། ཐབས་ལམ་མང་པོ་དང་རིམ་པ་མང་པོའི་ཐོག་ནས་ཚོང་འགུགས་འགྲེམས་སྟོན་ལས་དོན་སྤེལ་བ་དང་རང་རེའི་ཞིང་ཆེན་གྱི་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དབར་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་དང་སྤེལ་རེས་བྱ་རྒྱུར་སྒྲིག་འཛུགས་ཤུགས་ཆེན་བྱས་པ་རེད། ཞབས་ཞུའི་བགྲོད་ལམ་འཛུགས་སྐྲུན་ནང་ཞུགས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ཉོ་ཚོང་མནའ་འབྲེལ་ལ་སྐུལ་འདེད་དང་། སྐམ་མཚོ་གཉིས་ཀྱི་ཉོ་ཚོང་བགྲོད་ལམ་གསར་པའི་ཉོ་ཚོང་གིས་མནའ་འབྲེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཕེལ་རྒྱས་ལམ་སྲོལ་སྔར་བས་འདོན་སྤེལ་བྱས་ནས། རང་རེའི་ཞིང་ཆེན་གྱི་ཁེ་ལས་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རའི་འགྲན་རྩོད་ནང་ཞུགས་པར་སྐུལ་འདེད་གཏང་དགོས་ཤིང་། དེ་དང་ཆབས་ཅིག་རྒྱལ་སྤྱིའི་གྲོགས་པོ་ཚོགས་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་འབྲེལ་བ་དེ་བས་ཟབ་པ་དང་ལས་དོན་དེ་བས་ཏན་ཏིག་གི་བཟོ་ཚོང་མཉམ་ལས་ལམ་སྲོལ་བཏོད་དེ་ཁེ་ལས“ཕྱིར་བསྐྱོད་རྒྱུར”ལས་ཀའི་རྨང་གཞི་བཏིང་ཡོད། རང་རེའི་ཞིང་ཆེན་གྱི་འགྲེམས་ཚོགས་ལ་ཞུགས་པའི་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བར་དམིགས་ས་ཡོད་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་འབྲེལ་མཐུད་སྤེལ་རེས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། མངག་ཐོ་དམ་འཛིན་དང་ཚོང་ར་རྒྱ་སྐྱེད་གཏང་དགོས། 

གཞན་ཡང་། RCEPཡི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་གསར་པ་དང་ཁྱོན་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་ཁེ་ལས་ལ་སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་ཐུབ་རྒྱུར་རོགས་རམ་བྱས་ནས་རྒྱལ་སྤྱིའི་སྒོ་དབྱེའི་མཉམ་ལས་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་རེད། ཁེ་ལས་ཀྱི་དགོས་མཁོ་རང་འགུལ་ངང་འདྲི་བ་དང་ཁེ་ལས་ཀྱི་ཐབས་ཇུས་དྲིས་ནས“སྲིད་གཞུང་དང་ཉོ་ཚོང་། སྒྲིག་གཞི། ཁེ་ལས”བཅས་དབར་གྱི་འབྲེལ་མཐུད་ཐོགས་མེད་བགྲོད་ལམ་ནུས་ཤུགས་ཡོད་རྒུས་བཏོད་དེ་སྲིད་གཞུང་དང་ཁེ་ལས་ངོ་འཕྲད་དང་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་སྟེགས་བུ་བཙུགས་ནས་མ་འཇོག་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚོང་ཚོགས་ཞབས་ཞུ་དེ་ཐོན་ལས“གནས་བཞི”དང་ལས་རིགས་གསར་པ། ཁྱབ་ཁོངས་གསར་པ་བཅས་སུ་མཆེད་པར་སྐུལ་འདེད་གཏོང་བ་དང་། ཆེད་ལས་ཅན་དང་གནད་འཁེལ་ཅན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྐྱེ་སྟོབས་ཀྱིས་ཁེངས་པ་དང་ཞབས་ཞུ་ལེགས་པོ་སྒྲུབ་པའི“ཕྱིར་དམིགས་ཁེ་ལས་ཀྱི་ཁྱིམ་གཞིས”རིམ་བཞིན་བསྐྲུན་དགོས། །

རྩོམ་སྒྲིག་པ། : ཕག་གྲུབ།