ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཀྲི་ཝུན་གྱིས་མགོ་ལོག་ཁུལ་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ནས་ཚེས10ཉིན་བར།   མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་དགའ་བདེ་རྫོང་།   དར་ལག་རྫོང་བཅས་སུ་སོང་ནས་སློབ་གསོ་དང་དམངས་སྲིད་ལས་དོན་ལ་རྟོག་ཞིབ་གནང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ལག་ལེན་སྟེང་དམངས་འཚོའི་བྱ་བ་ལེགས་པོ་བསྒྲུབས་ཏེ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་།    ཡིད་ཚིམ་ཚད་བཅས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

དབྱང་ཀྲི་ཝུན་སྔ་གཞུག་ཏུ་སློབ་གྲྭ་ཁ་ཤས་དང་།    བྱིས་པའི་ཕན་བདེ་ཁང་།    རྒན་གསོ་ཁང་།    སྡེ་ཁུལ་དང་སྲིད་དོན་ཞབས་ཞུ་ཚོམས་ཆེན་སོགས་སུ་སོང་ནས།    དགེ་རྒན་ལས་བཟོ་བ་དང་ལས་བྱེད་མི་སྣ་དང་ཁ་བརྡ་གླེང་མོལ་བྱས་པ་དང་། སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་བདེ་འཇགས་སྔོན་འགོག་ཚོད་འཛིན། “བགྲོས་པོ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེེད་པ།    གཞི་རིམ་གྱི་སྡེ་ཁུལ་འཛུགས་སྐྲུན་དང་སྲིད་དོན་ཚོམས་ཆེན་གྱི་ཞབས་ཞུའི་སྒེའུ་ཁུང་སོགས་ཀྱི་གནས་ཚུལ་ནན་ཏན་སྒོས་རྒྱུས་ལོན་བྱས་པ་མ་ཟད། བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། དཀའ་ཁག་ཡོད་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། 

དབྱང་ཀྲི་ཝུན་གྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་གཞག་ནི་མཇུག་མཐའ་མེད་པ་དང་། རྒྱུན་ཆད་མེད་པར་མགོ་འཛིན་ས་གསར་པ་སྙེགས་དགོས།     ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དམངས་འཚོའི་བྱ་གཞག་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དཔེ་བསྡུར་ཚད་བསྡུར་བྱས་ནས། མཐོ་རིམ་ཇུས་འགོད་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུར་སྔར་ལས་མཐོང་ཆེན་བྱས་པ་བརྒྱུད། སྲིད་ཇུས་མ་ལག་དང་འགན་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་དང་།  མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ།    “བགྲོས་པོ་གཅིག་དང་བྱིས་པ་གཅིག”གི་དམངས་འཚོའི་འགན་ལེན་བྱ་གཞག་སྲ་བརྟན་དུ་གཏོང་བ།   གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འཐུས་ཚང་དུ་གཏོང་བ་བརྒྱུད།  མཐོ་སྒང་གི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་འཚོའི་ཞབས་ཞུ་ཐད“མཚོ་སྔོན་གྱི་མིག་དཔེ”གསར་སྐྲུན་བྱ་དགོས་པ་ལས་གཞན།    འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་རོགས་སྐྱོབ་གཏོང་ཆ་ཇེ་མང་དུ་གཏོང་རྒྱུ་ལས་ཉུང་དུ་མི་གཏོང་བ་དང་།    དམངས་ཕན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ལས་ཇེ་ཞན་དུ་མི་གཏོང་བ།    དམངས་ཕན་གྱི་བྱ་བ་ཇེ་མང་དུ་གཏོང་རྒྱུ་ལས་ཇེ་ཉུང་དུ་མི་གཏོང་བར་འགན་སྲུང་ལེགས་པོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དམངས་འཚོ་འགན་ལེན་ཇེ་ལེགས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་དགོས་པར་བསྟན།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།