ཀྲུང་གོ་བོད་ཀྱི་དྲ་བ།

​གཅན་ཚའི་སོར་རྩེའི་རྒྱུད་འཛིན་དང་ཕྱུག་བསྒྱུར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་དུས་ཀྱི་ཉིན་གུང་འདིར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ། བདེ་སྐྱིད་སྒྲོལ་མ་དང་ཁོ་མོའི་ལས་གྲོགས་ཚོས་རང་ཉིད་ཀྱི་འཇོན་ཐང་གི་ལག་པ་བརྒྱུད་ནས་ཚོན་མདངའ་རྣམ་པར་བཀྲ་བའི་ནས་དང་འབྲས། སྲན་མ། ཏིལ་སོགས་ཀྱི་འབྲུ་རིགས་སྤྱད་དེ། བློ་སེམས་རྩེ་གཅིག་གིས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་བཟོ་བཞིན་ཡོད་ལ། འདི་ནི་རྨ་ལྷོ་ཁུལ་གྱི་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཏེ་གཅན་ཚའི་འབྲུ་རིགས་ཀྱི་རི་མོ་ཡིན།

གཅན་ཚའི་འབྲུ་རིགས་ཀྱི་རི་མོའི་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་བསོད་ནམས་འབུམ་གྱིས་བསྟན་དོན། གཅན་ཚའི་འབྲུ་རིགས་ཀྱི་རི་མོའི་ལག་ཤེས་སྒྱུ་རྩལ་འདི་མུ་མཐུད་དུ་རྒྱུད་འཛིན་བྱེད་པ་དང་། ལག་རྩལ་འདིས་ཕ་ཡུལ་མི་དམངས་ལ་ཡོང་སྒོ་བསྐྲུན་པ་དང་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པར་རོགས་སྐྱོར་བྱེད་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།