ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་སྡེ་ཚན་མང་པོས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་ཞུ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་མཉམ་འབྲེལ་སྒོས《མཚོ་སྔོན་པོ་ས་ཁུལ་གྱི་སྲིད་འཛིན་ཁྲིམས་འཛིན་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་རོགས་ལས་གཞོགས་འདེགས་ལམ་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་གྱི་འབྲེལ་ཡོད་བསམ་འཆར》ལ་མིང་རྟགས་བཀོད་ནས། ཁྲིམས་སྐྱོང་གིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་རྒྱུ་རེད།

ངོ་སྤྲོད་ལྟར་ན། 《བསམ་འཆར》ལ་མིང་རྟགས་བཀོད་པ་དེས་མུ་མཐུད་དུ་སྲིད་འཛིན་ཁྲིམས་འཛིན་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་སྟོབས་ཤུགས་མཉམ་འདུས་བྱས་ནས། ཁྲིམས་འཛིན་བསམ་ཕྱོགས་དང་ཁྲིམས་འཛིན་ཐབས་ལམ་ལ་སྐུལ་འདེད་དང་བེད་སྤྱོད་བརྒྱུད་མཚོ་སྔོན་པོ་འབབ་རྒྱུད་རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་སྲུང་སྐྱོང་སླར་གསོ་གཙོ་གནད་ལས་དོན་གང་ལེགས་སྒོས་སྤེལ་རྒྱུ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གོམ་སྟབས་ལ་མགྱོགས་མྱུར་ངང་རམ་འདེགས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་པོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

《བསམ་འཆར》ནང་ཞིབ་དཔྱོད་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་པ་དང་། མཚོ་ནང་དང་འགྲམ་རྒྱུད། ཆུ་ཁུངས་དང་འབབ་རྒྱུད་གཅིག་གྱུར་འཆར་འགོད་དང་། སྲིད་འཛིན་ཁྲིམས་འཛིན་དང་ཁྲིམས་ལུགས་ལྟ་ཞིབ་ཚད་ལེན་ལས་འགན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་འབྲེལ་སྒོས་མཚོ་སྔོན་པོ་སྐྱེ་ཁམས་ནུས་པ་ཁུལ་དང་། སྐྱེ་ཁམས་ཚོར་སྐྱེན་ཁུལ་དང་སྐྱེ་ཁམས་ཞན་ཁུལ་གྱི་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་བྱེད་པ། ཧུར་ཐག་གིས་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་དངོས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་བསྟན་ཡོད།

《བསམ་འཆར》ནང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཆུ་དང་བརླན་ས། སྔོ་ཁེབས། རི་སྐྱེས་སྲོག་ཆགས་ཐོན་ཁུངས་སོགས་ཀྱི་ཁྱབ་ཁོངས་ལ་གནོད་པ་བཟོ་བའི་ཁྲིམས་འགལ་ཉེས་བཟོ་བྱ་སྤྱོད་ལ་ནན་གྱིས་རྡུང་རྡེག་བྱས་ནས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་དང་དེའི་འཚོ་སྡོད་གནས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་པོ་རི་སྐྱེས་འདབ་ཆགས་འཚོ་སྡོད་གནས་དང་གནས་སྤོར་སའི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྩྭ་ཐང་སྲུང་སྐྱོང་དང་བརླན་ས་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་བཟུང་ནས། འབག་བཙོག་བཟོས་པའི་ཆུ་བོ་དང་སྲ་གཟུགས་སྙིགས་རོ་དང་གཏེར་སྙིགས་འབག་བཙོག་སོགས་ཀྱི་གནད་དོན་གཞིར་བཟུང་། ཁྲིམས་ལྟར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་གང་ལེགས་སྒྲུབ་ནས། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་གལ་ཆེན་ལ་ཞབས་ཞུ་འགན་སྲུང་བྱས་ནས། མཚོ་སྔོན་པོ་འབབ་རྒྱུད་ཀྱི་བཏུང་ཆུའི་ཆུ་ཁུངས་གནས་ཀྱི་མངོན་མེད་ཉེན་ཁ་སེལ་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།