ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2022ལོའི་ལོ་འཁོར་གྱི་གསུམ་བརྒྱད་དར་དམར་གྱི་དཔེ་དམག་དང་གསུམ་བརྒྱད་དར་དམར་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་སྔར་བས་སྐུལ་སློང་བྱེད་པ་དང་།  རྒྱ་ཆེའི་བུད་མེད་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་བརྩི་བ།  ཏང་གི་རྗེས་སུ་འབྲང་བར་བྱ་ཆེད།  ཟླ3པའི་ཚེས6ཉིན་མཚོ་སྔོན་ཞིང་ཆེན་གྱིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་སྟེང་།  ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཡོན་ཧུའེ་སོགས་མི5ལ་མཚོ་སྔོན་ཞིང་ཆེན་གསུམ་བརྒྱད་དར་དམར་གྱི་དཔེ་དམག་དང་།  ཅའོ་ཀྲེན་སོགས་མི30ལ་མཚོ་སྔོན་ཞིང་ཆེན་གསུམ་བརྒྱད་དར་དམར།  ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་སོགས་ལས་ཁུངས15ལ་མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས། 

2022ལོར།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཤིང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་དུང་བརྡ་བསྒྲགས།  ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་གི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་།  ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།  འབད་འབུངས་ཡར་བརྩོན་དང་།  དྲིན་ཚོར་ཡར་བརྩོན།  འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས།  རླབས་ཆེའི་བྱ་གཞག་གི་འཛུགས་སྐྲུན་པ་དང་།  ཤེས་དཔལ་དར་སྲོལ་གྱི་དར་སྤེལ་གཏོང་མཁན།  ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ།  ཁྱིམ་གཞིས་ཆེ་བའི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་དུས་རབས་གསར་པ་བཏོད་དེ།  མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ཕུལ།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།