ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་མཇལ་འཛོམས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན་དང་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་གཞོན་པ་ཝུའུ་ཞའོ་ཅུན་གཉིས་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ། སྔ་རྗེས་སུ་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ལ་མཇལ་འཛོམས་བྱས་ཤིང་། བྱ་བའི་མཐུད་འཇུག་སྙན་ཞུ་བྱས་ནས། སྔར་ལས་ལྷག་པའི་རྒྱབ་སྐྱོར་བརྩོན་ལེན་བྱས། ནོར་སྲིད་པུའུ་ཏང་ཙུའུ་ཧྲུའུ་ཅིའམ་པུའུ་ཀྲང་ལིའུ་ཁུན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ཀྲུའུ་རེན་ཀྲང་ཡུའུ་ཀྲུའོ། འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་གྲོས་མོལ་ལ་ཞུགས། 

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་པོར་མཚོ་སྔོན་ལ་སྟོབས་དང་ལྡན་པའི་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནས། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་མཛད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་སྐྲུན་པ། ཐོན་ལས་ཀྱི་གནས་བཞི་མྱུར་ཏུ་སྐྲུན་པ། དམངས་འཚོ་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཧུར་ཐག་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མུ་མཐུད་དེ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་བླངས་ཡོད། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྔར་སྲོལ་འགྱུར་མེད་སྒོས་མཚོ་སྔོན་ལ་ཐུགས་ཁུར་གནང་རྒྱུ་དང་། སྲིད་ཇུས་དང་ལས་གཞི། འཇོན་མི། མ་དངུལ་སོགས་ཀྱི་ཕྱོགས་ནས་སྔར་ལས་ལྷག་པའི་མཛུབ་སྟོན་དང་རྒྱབ་སྐྱོར་གནང་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་ལས་ལྷག་པའི་རོགས་འདེགས་མཛད་རྒྱུའི་རེ་བ་ཡོད་ཅེས་བཤད། 

ལིའུ་ཁུན་དང་ཀྲང་ཡུའུ་ཀྲུའོ་གཉིས་ཀྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་མཛད་ཅིང་། རྒྱབ་སྐྱོར་གནང་རྒྱུའི་དོན་གནད་ཁག་གི་རེ་ཞུ་ལ་ལན་ཆ་ལེགས་པོ་གནང་ཞིང་། མཚོ་སྔོན་ནི་རྒྱལ་ཡོངས་ཆེ་ཕྱོགས་ཁྲོད་ཀྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་གོ་གནས་བཅས་ཧ་ཅང་གལ་ཆེན་པོ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡིན། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་ཞིང་ཆེན་གནས་ཚུལ་དང་འཕེལ་རྒྱས་ཀྱི་རེ་འདུན་ལ་ལེགས་པར་གཞིགས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཐུགས་དགོངས་བསྟན། 

ཞིང་ཆེན་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ་གཉིས་མཇལ་འཛོམས་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།