ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧའེ་ཧུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས27ཉིན་ནས་ཚེས28ཉིན་བར།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་འགན་ལེན་བྱས་པའི་ཁེ་ལས་ལ་རོགས་རམ་དང་།  དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་བྱེད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་བརྩོན་ལེན་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། འགོར་འགྱངས་མི་བྱེད་པའི་བྲེལ་མྱུར་རང་བཞིན་དང་།  སྡོད་མི་ཚུགས་པའི་འགན་འཁྲིའི་སེམས་པ།  མྱུར་དུ་འཕེལ་རྒྱས་གཏོང་བའི་བྱ་བའི་རྣམ་འགྱུར་བཟུང་སྟེ།  ལུས་སེམས་བྱ་བའི་སྟེང་ཞུགས་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་།  འབད་པ་ཆེན་པོས་རྫོང་ཁོངས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས།  གྲོང་གསེབ་དར་སྤེལ་གྱི་བྱ་བ་ཡུན་རིང་བ་དང་བརྟན་འཇགས་ཡོང་བར་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཧའེ་ཧུང་དང་བཅས་པ་སྔ་གཞུག་ཏུ་རྫོང་གློག་རྡུལ་ཚོང་གཉེར་ལྟེ་གནས་དང་།   སེང་ཁྲི་ཚོང་དོན་ཀུང་སི།   ཚྭ་ལས་ཚོང་དོན་ཀུང་སི།   ཧུང་ཧྲིན་སྒོ་རྩིས་ཚོང་ཁང་།   ཧྥུའུ་ཁང་སྨན་རྫས་ཡན་ལག་ཚོང་ཁང་།  གོ་ཆིན་དམངས་སྲོལ་རིག་གནས་ཀུང་སི་བཅས་ལ་སོང་ནས།  ཁེ་ལས་ལ་རོགས་རམ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་དངོས་འབེབས་གནས་ཚུལ་ལ་རྟོག་ཞིབ་དང་།   ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུན་ལོན་བྱས་ཏེ།  ཁྲོམ་རའི་གཙོ་གཞིའི་བསམ་ཚུལ་བསྡུ་ལེན་བྱས།

ཝང་ཧའེ་ཧུང་གིས་གོ་སྐབས་དམ་འཛིན་བྱས་ཏེ།  ཁེ་ལས་ལ་རོགས་རམ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་སྣ་ཚོགས་ཕྱོགས་ཡོངས་ལ་ཁེབས་པར་བྱེད་པ་དང་།  སྲིད་ཇུས་དངོས་འབེབས་དང་ཕན་འབྲས་ཐོབ་པར་ནན་ཏན་གྱིས་སྐུལ་འདེད་གཏོང་བ།   ཁྲོམ་རའི་གཙོ་གཞིའི་ལས་གཏོད་ལས་སྤེལ་བྱ་བར་ནུས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱེད་དགོས།  སྙིང་སྟོབས་ཆེར་སྐྱེད་བྱས་ཏེ།  ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་སྡེབ་སྒྲིག་ཐོན་ཁུངས་ལ་སྐུལ་སློང་བྱེད་པ་དང་།  སྲིད་དངུལ་ཁེ་ལས་དང་།  ཐོན་སྐྱེད་བདག་རྐྱེན།  ལས་བཟོ་བའི་གསོ་སྦྱོང་།  གོང་འོག་ཐོན་ལས་འབྲེལ་མཐུད་བྱེད་པ་བཅས་ལེགས་པོར་སྒྲུབ་པ།  ཐོན་སྐྱེད་བདག་གཉེར་སྒྲིག་གཞི་རྒྱ་སྐྱེད་པ།  ཚད་གཞིའི་མ་ལག་འཛུགས་པར་དོ་སྣང་བྱེད་པ།  ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བ།  མིང་གྲགས་ཐོན་རྫས་ཤེས་རྟོགས་འབྱུང་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།  ཞབས་ཞུ་འཐུས་ཚང་དུ་བཏང་སྟེ།  གཏན་ཁེལ་རོགས་སྐྱོར་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་།  མཐུན་སྦྱོར་ལམ་བུ་ཡངས་པོར་ཕྱེ་བ།  རིགས་བགར་མཛུབ་སྟོན་ལག་བསྟར་བྱེད་པ།  གནད་དོན་རྩིས་ཁྲ་བཟོ་བ།  དུས་ལྟར་ཁག་བགོས་གསེད་སྒྲིག་བྱེད་པ།  བརྒྱུད་རིམ་ཧྲིལ་བོའི་རྗེས་འདེད་རྣམ་པས་གནད་དོན་ཐག་གཅོད་བྱེད་དགོས།  ནུས་པ་འདོན་སྤེལ་བྱས་ཏེ་ཁེ་ལས་ལ་རོགས་བྱེད་པའི་འབྲེལ་གཏུག་མི་སྣས་ཁེ་ལས་ཀྱིས་རིགས་ལམ་གསལ་བོ་དང་།  མ་རྩ་ཇེ་དམའ་རུ་གཏོང་བ།  ཁྲོམ་ར་རྒྱ་བསྐྱེད་པ།  ཕན་ནུས་འཕར་བར་བྱེད་པ་བཅས་ལ་དངོས་སུ་རོགས་རམ་བྱེད་པ་དང་།  སྲིད་ཇུས་ལག་བསྟར་བྱེད་པའི་མཇུག་མཐའི་སྤྱི་ལེ་གཅིག་ལ་སླེབས་པར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།