ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ལེ་ཧྥེང་སྙིང་སྟོབས་སློབ་རར་བསྐྱོད་པའི་དང་བླངས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ལེ་ཧྥེང་སྙིང་སྟོབས་སློབ་རར་བསྐྱོད་པའི་དང་བླངས་སྒྲོག་འགྲེལ་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཧྲིན་ན་སློབ་ཆུང་གི་སྙན་ཞུ་ཚོམས་ཆེན་དུ་སྤེལ་བ་དང་། སློབ་གྲྭ་དེའི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མི300ལྷག་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་ལེ་ཧྥེང་སྙིང་སྟོབས་སློབ་རར་བསྐྱོད་པའི་དང་བླངས་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བློ་མཐུན་ལེ་ཧྥེང་ལ་ཕྱག་བྲིས་གནང་བའི་ལོ་ངོ60འཁོར་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་གི་ལྟ་བ་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྙིང་སྟོབས་སྔར་ལས་གཅིག་ཏུ་བསྡུ་བའི་ཆེད་དུ་ཡིན། རྒྱུས་ལོན་པ་ལྟར་ན། བྱ་འགུལ་སྤེལ་མགོ་བརྩམས་རྗེས། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོའི་དོན་དངོས་ལྟར། རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་གཤིས་བཟང་ན་གཞོན་དང་ཀྲུང་གོའི་ན་གཞོན་དང་བླངས་ཞབས་ཞུའི་སྔོན་ཐོན་མི་སྒེར་སོགས་ཀྱི་འཐུས་མི་སློབ་གྲྭ་ཆུ་འབྲིང་ཆུང་གསུམ་དུ་བསྐྱོད་དེ། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བརྗོད་དོན་གྱི་དང་བླངས་སྒྲོག་འགྲེལ་སྤེལ་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ན་གཞོན་རྣམས་ཀྱིས་ལེ་ཧྥེང་སྙིང་སྟོབས་རྒྱུད་འཛིན་དང་། ལེ་ཧྥེང་སྙིང་སྟོབས་ཀྱི་ས་བོན་བྱས་ནས། རྒྱུན་རྣམ་ཅན་གྱིས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་ཁྲོད་ཞུགས་དགོས་ཤིང་། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་བའི་ལེ་ཧྥེང་གི་གཏམ་རྒྱུད་རྩོམ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།