ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་དུ་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་ཟི་ལིང་གྲོང་ཁྱེར་ཉིང་ཀྲི་སློབ་འབྲིང་གི་བཟོ་འགོད་ལས་མགོ་བརྩམས་པའི་མཛད་སྒོ་དང2023ལོའི་ཟི་ལིང་གི་སློབ་གསོའི་མ་ལག་འཛུགས་སྐྲུན་རྣམ་གྲངས་ལས་མགོ་ཚུགས་པ་དང་བསྐྱར་དུ་ལས་མགོ་བརྩམས་པའི་མཛད་སྒོ་མཁར་བྱང་ཁུལ་དམག་བཀུར་ལམ་གྱི་ཉིང་ཀྲི་སློབ་འབྲིང་གི་ཨར་སྐྲུན་བྱ་ཡུལ་དུ་བསྡུས།     2025ལོར་ཐོན་དུས། ཟི་ལིང་གྲོང་ཁྱེར་དུ་སློབ་མ2700ཤོང་བའི་བཅའ་སྡོད་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་ཞིག་ཇེ་མང་དུ་འགྲོ་རྒྱུ་དང་། སྔར་ལས་ལྷག་པར་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེེད་བྱ་རྒྱུ་རེད། 

བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་5.3བཏང་བའི་ཉིང་ཀྲི་སློབ་གྲྭ་འབྲིང་བར་མཚོན་ན།     ཟི་ལིང་གྲོང་ཁྱེར་གྱིས་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པར་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་མ་ཟད། མཐོ་རྒྱུགས་དཀྱུས་མའི་ཕྱོགས་བསྡུས་བཅོས་སྒྱུར་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་།    གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་རྨང་གཞིའི་ཆ་རྐྱེན་འགན་སྲུང་བྱེད་པ།   ཁྱོན་ཡོངས་ནས་མཐོ་རིམ་དཀྱུས་མའི་སློབ་འབྲིང་གི་སློབ་སྒྲུབ་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ།    མང་ཚོགས་ཀྱི་རེ་འདུན་སྐོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“དམངས་འཚོའི་བཟོ་འགོད”ཅིག་ཀྱང་རེད།     ཉིང་ཀྲི་སློབ་འབྲིང་གསར་པ་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཚྭ་འདམ་ལམ་གྱི་བྱང་ངོས་དང་དམག་བཀུར་ལམ་གྱི་ནུབ་ངོས་སུ་གནས་པ་དང་། སློབ་གྲྭའི་སྤྱིའི་འཛུགས་སྐྲུན་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི6.28ཟིན་ལ།   སློབ་མ700ཤོང་བའི་བཅའ་སྡོད་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་ཞིག་ཡིན་པ་དང་།    2025ལོར་ཐོན་སྐབས་བཟོ་འགོད་ལེགས་འགྲུབ་འབྱུང་བ་དང་བེད་སྤྱོད་བྱ་རྒྱུ་རེད།  བསྐྲུན་ཟིན་རྗེས་ད་ཡོད་ཀྱི་སློབ་གྲྭ་ཁ་ཤས་ཀྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་ལས་དོན་ཡག་པོར་བསྒྲུབ་རྒྱུ་དང་།    བཤུ་ཟིན་རྗེས་གྲོང་ཁུལ་གྱི་དམའ་རིམ་སློབ་འབྲིང་གི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་།     འོས་འགན་སློབ་གསོའི་དུས་མཚམས་ཀྱི་འཛིན་གྲྭ་ཆེ་བའི་གྲུབ་འབྲས་སྲུ་བརྟན་དུ་གཏོང་རྒྱུ།    གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་ཕྱོགས་བསྡུས་བཅོས་སྒྱུར་བདེ་བླག་ངང་ལག་བསྟར་བྱ་རྒྱུར་འགན་ལེན་བྱ་རྒྱུ།   མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་འཆར་གཞི་ཡོད།     

དུས་མཚུངས་སུ།    ད་ལོར་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་མ་ལག་དེ་རྒྱལ་ཁབ་ཀྱི་སློབ་གསོའི་སྤུས་ཚད་དང་ཤོང་ཚད་རྒྱ་སྐྱེད་གཏོང་བའི་བཟོ་འགོད་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་འབྲེལ་མཐུད་བྱས་ཐོག    འཆར་གཞིེར་ལྟར་མ་དངུལ་སྒོར་དུང་ཕྱུར17བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོའི་སྤུས་ཚད་དང་འོས་འགན་སློབ་གསོའི་ནུས་པ་མཐོར་འདེགས་སུ་གཏོང་བ་སོགས་རྣམ་གྲངས་ཆེན་མོ་བདུན་དང་། གསར་སྐྲུན་དང་བསྐྱར་སྐྲུན་རིགས་ཀྱི་རྣམ་གྲངས75། སློབ་ཞུགས་སྔོན་གྱི་སློབ་གནས1000དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གནས4000བཅས་གཙོ་གནད་དུ་བཞག་ནས་ལག་བསྟར་བྱས་པ་བརྒྱུད། རྒྱུན་ཆད་མེད་པར་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ་སློབ་གསོའི་ཐོན་ཁུངས་ཀྱི་མདོན་སྤྲོད་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད།  །     

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།