ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཐེན་ཧི་ཉི་འོད་ནུས་པའི་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་མགོ་གཙོ་ཀའོ་ཅི་ཧྥན་འཁོར་དང་བཅས་པས་བཞུགས་མོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཐེན་ཧི་ཉི་འོད་ནུས་པའི་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་མགོ་གཙོ་ཀའོ་ཅི་ཧྥན་འཁོར་དང་བཅས་པས་བཞུགས་མོལ་བྱས།

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀའོ་ཅི་ཧྥན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་བྱས་པ་དང་།   ཐེན་ཧི་ཉི་འོད་ནུས་པའི་ཀུང་ཟིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་འཁེལ་གསལ་བོ་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན།   ང་ཚོས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་དགོས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཐད་ཀྱི་འཐབ་ཇུས་གསར་པར་རྒྱུས་ལོན་ཟབ་མོ་བྱེད་པ།  ལོ་རྒྱུས་རང་བཞིན་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པ།    རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ།   ཐོན་ཁུངས་དགེ་མཚན་དང་འཕེལ་རྒྱས་རྨང་གཞི་ལ་བརྟེན་པ།   ཉི་འོད་ནུས་པའི་སྟོད་སྨད་རྒྱུད་ཀྱི་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ།   རྒྱལ་ཁབ་ནུས་ཁུངས་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་ནུས་པ་ཧུར་ཐག་གིས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཐཱན་གཉིས་དམིགས་འབེན་མངོན་འགྱུར་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།   ཐེན་ཧི་ཉི་འོད་ནུས་པའི་ཀུང་ཟིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་གཅིག་གྱུར་མཐུན་སྦྱོར་སྒོས་མཚོ་སྔོན་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་འཆར་འགོད་བཀོད་སྒྲིག་བཟང་བོ་བྱས་ཏེ་མཚོ་སྔོན་གྱི་དངུལ་གཏོང་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་རེ་བ་ཡིན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་དུ་ཁེ་ལས་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་བསྐྲུན་པ་དང་ས་ཁུལ་དང་ཁེ་ལས་ཀྱི་གཉིས་ཕན་མཉམ་རྒྱལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

ཀའོ་ཅི་ཧྥན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེན་ཧི་ཉི་འོད་ནུས་པའི་ཀུང་ཟིར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་།   ཐེན་ཧི་ཉི་འོད་ནུས་པའི་ཀུང་ཟིའི་མཚོ་སྔོན་གྱི་ལས་སྒོ་འཕེལ་རྒྱས་དང་འཐབ་ཇུས་འཆར་འགོད་སོགས་གནས་ཚུལ་མཚམས་སྦྱོར་བྱས།  ཁོས་བསྟན་དོན།    ཐེན་ཧི་ཉི་འོད་ནུས་པའི་མཚོ་སྔོན་གྱི་རྟེན་གཞིའི་ལས་གཞི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།   ཅང་སུའུ་དང་མཚོ་སྔོན་རོགས་རེས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་མངོན་སྟངས་ཤིག་ཡིན།   ཐེ་ཧི་ཉི་འོད་ནུས་པའི་ཀུང་ཟིས་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་ཏུ།   ཧུར་ཐག་གིས་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དེ་ཐོན་ལས་དགེ་མཚན་དུ་བསྒྱུར་བ་དང་།   འོད་ནུས་སྒྲིག་བཟོ་དང་གསོག་ནུས།   ཐཱན་མེད་ཐོན་ལས་ཁུལ་འཛུགས་སྐྲུན་སོགས་ཀྱི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ངེས་ཡིན།

  ཀྲུའུ་ཧང་ཧྥིན་དང་ལིའུ་ཁྲའོ་བཞུགས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།