ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱི་རོང་འབྲོག་པའི་ཏང་ཡོན་ཁྲི4.3དགུན་དཔྱིད་སྐབས་ཀྱི་གསོ་སྦྱོང་ལ་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ང་ཚོས་སྡེ་བའི་དྲོད་ཁང་ཆེན་མོ་ལེགས་སྒྲིག་གསར་སྤེལ་བྱས་ཏེ།    དུད་ཚང་ཆེན་མོར་བརྒྱུད་སྤྲོད་བྱས་ནས་སྔོ་ཚལ་དང་ཤིང་འབྲས་བཏབ་པ་དང་།    རྒྱུན་ཆད་མེད་པར་ལེགས་ལྡན་ཐོན་ལས་ཇེ་ཆེ་ཇེ་ལེགས་སུ་བཏང་བ་བརྒྱུད། སྡེ་མི་དང་འགན་གཙང་ལེན་གྱི་དུད་ཚང་།    སྡེ་བའི་ཐུན་མོང་བཅས་ཕྱོགས་གསུམ་ལ་ཕན་འབྲས་ཐོབ་པར་བྱས”།    ཉེ་ལམ།   མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་རོང་འབྲོག་པའི་ཏང་ཡོན་དགུན་དཔྱིད་སྐབས་ཀྱི་གསོ་སྦྱོང་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲོག་འགྲེལ་ལ་ཉན་རྗེས། ཕིན་ཨན་ཆུས་སན་ཧོ་གྲོང་རྡལ་ཤིས་ཡ་ཐོའུ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆི་ཡུང་ཆོན་གྱིས2023ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་རྙེད། རྒྱུས་ལོན་པ་ལྟར་ན། 2022ལོའི་ཟླ11པ་ནས་བཟུང་མཚོ་ཤར་གྲོང་ཁྱེར་གྱིས་རོང་འབྲོག་པའི་ཏང་ཡོན་ཁྲི4.3རྩ་འཛུགས་བྱས་ཏེ་དགུན་དཔྱིད་སྐབས་ཀྱི་གསོ་སྦྱོང་ནང་ཞུགས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བར་རོགས་འདེགས་བྱེད་པ་དང2023ལོའི་ཟླ3པའི་ཟླ་མཇུག་བར་གསོ་སྦྱོང་བྱ་རྒྱུ་རེད། 

ཐེངས་འདིའི་གསོ་སྦྱོང་ལས་བྱ་བའི་དུས་རིམ་དང་སློབ་སྦྱོང་གི་ནང་དོན།  བྱེད་ཐབས་དང་དམིགས་འབེན་སོགས་ཕྱོགས་གང་ཅི་ཐད་ནས་འཐུས་སྒོ་ཚང་བའི་ལམ་ལུགས་འགྲེམ་སྤེལ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་།  རོང་འབྲོག་པ་ཏང་ཡོན་ཀྱི་དགུན་དཔྱིད་སྐབས་ཀྱི་གསོ་སྦྱོང་དང་བྱ་བའི་གཙོ་གནད་གཉིས་ཟུང་འབྲེལ་བྱས་ཏེ། “ཞན་ཆ་ཁ་གསབ་དང་སྟོབས་ཆེན་དུ་གཏོང་བའི”རྩ་དོན་ལྟར། སློབ་སྦྱོང་ལྔའི་ནང་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་མིག་དཔེ་རུ་བཟུང་བ་དང་།  ངེས་པར་ཏུ་སློབ་སྦྱོང་བྱེད་དགོས་པ་དང་གདན་གསེས་ལྟར་སློབ་སྦྱོང་བྱེད་པའི་བྱེད་ཐབས་སྤྱད་དེ།  ཏང་གི་ཆོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་བྱ་གཙོ་བོ་དག་ངེས་པར་ཏུ་སློབ་སྦྱོང་བྱེད་དགོས་པའི་ནང་དོན་ནང་བཞག་ནས།  རིམ་པ་མང་ཞིང་རིགས་མང་པོའི་སྒོ་ནས་གསོ་སྦྱོང་ལ་ཤུགས་བསྣན་པ་རེད།  ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཀྱི་འཚོ་བ་མཉམ་སྤྱོད་རྟེན་གཞི་དང་“རྫོང་རེར་རྟེན་གཞི་རེར། རྫོང་རེར་ཁྱད་ཆོས་རེ”ཡོད་པའི་ཏང་ཡོན་སློབ་གསོའི་རྟེན་གཞིར་བརྟེན་ནས་ལག་ལེན་ཞིབ་འཇུག་སློབ་སྦྱོང་དང་།    ཏང་གི་ཉིན་མོ་གཏན་འཁེལ།    རྩ་འཛུགས་ཀྱི་འཚོ་བ་གཏན་འཁེལ་སོགས་རྒྱ་ཁྱབ་ངང་སྤེལ་བ་དང་།    ཏང་གཤིས་སློབ་གསོ་དང་ཕུགས་བསམ་སློབ་གསོར་ཤུགས་བསྣན་ཏེ་རོང་འབྲོག་པའི་ཏང་ཡོན་གྱི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་།    ངོས་འཛིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཡིད་ཆེས་ཇེ་ཆེར་གཏོང་བ་བཅས་ལ་རོགས་འདེགས་བྱེད་དགོས་པ་ལས་གཞན། སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་བསྟེན་སློབ་གསོའི་སྟེགས་བུ།    མཚོ་ཤར་ཏང་འཛུགས་སོགས་ཀྱི་ཆ་འཕྲིན་སྟེགས་བུ་སོགས་ལ་བརྟེན་ནས།     གྲོང་གསེབ་དར་སྤེལ་དང་སྡེ་བའི་ཐུན་མོང་གི་དཔལ་འབྱོར།    གཞི་རིམ་བཅོས་སྐྱོང་།  ནུས་རྩལ་གསོ་སྦྱོང་སོགས་ལ་དམིགས་ཏེ། རོང་འབྲོག་པའི་ཏང་ཡོན་སློབ་སྦྱོང་ནང་དོན་ཐད་ཀྱི“འཚོ་བཅུད་ཀྱི་ཟས་རིགས”བཀོད་སྒྲིག་བྱས་ཏེ་རྣམ་པ་མང་ཞིང་ཁྱོན་ཡོངས་སུ་ཁྱབ་པ།    འབུར་ཐོན་ཅན་བཅས་ཀྱི་སྒོ་ནས་རོང་འབྲོག་པའི་སྲིད་ཇུས་ཐད་རིགས་པའི་གཞུང་ལུགས་ཁྱབ་གདལ་དང་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།    ཤེས་བྱའི་ཞན་ཆ་ཁ་གསབ་བྱས་ཏེ།    རོང་འབྲོག་པའི་ཏང་ཡོན་གྱིས་ཞིང་ལས་ལ་རོགས་འདེགས་དང་ཞིང་ལས་དར་སྤེལ་གྱི་ནུས་པ་ཆེ་རུ་བཏང་ནས “མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་སྡེ་བ”གསར་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བསྒྱུར་བར་བྱས་རྗེས་འཇོག་དགོས།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།