ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2022ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ2པའི་ཚེས6ཉིན་ནས་ཚེས7ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས2022ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཚོགས་འདུར་ཞུགས། ཏང་ཙུའུ་ཁོངས་མི་མ་ཡིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་ཞུགས་བྱས། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་དང་པོ་ཚོགས་འདུར་ཡོང་ནས་མཛུབ་སྟོན་དང་དཔྱད་འཇོག་བྱས། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པར་བསྡུས་པར་ཚད་མཐོའི་མཐོང་ཆེན་བྱས། ཚོགས་ཐོག་ནས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་ལེགས་སྒྱུར་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་དང་། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུར་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་། ཝང་ལི་མིང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས་དཔེ་བསྡུར་བརྟག་དཔྱད་བྱས་པ་དང་། ཕྱོགས་ལྔ་ནས་རྗེས་ཕྱོགས་དག་ཐེར་ལེགས་སྒྱུར་བྱེད་ཐབས་བཏོན། ཝང་ལི་མིང་གིས་མགོ་ཁྲིད་དེ་རང་ཉིད་དབྱེ་ཞིབ་བྱས་པ་དང་། རང་རྟོགས་སྒོས་སྐྱོན་བརྗོད་དང་ལེན་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རེ་རེ་བཞིན་དཔེ་བསྡུར་བརྟག་དཔྱད་བྱས། ཚང་མས་བརྗོད་བྱར་དམ་པོར་སྦྲེལ་ནས། སྣེ་ཁྲིད་བརྒྱད་ལ་ཚད་བསྡུར་བྱས་པ་དང་། རང་ཉིད་དེར་འཇོག་པ་དང་འགན་འཁྲི་དེར་འཇོག་པ། ལས་དོན་དེར་འཇོག་པ་རྒྱུན་འཁྱོངས་བྱས་པ། མཐུན་སྒྲིལ་དང་སྐྱོན་བརྗོད། དེ་ནས་མཐུན་སྒྲིལ་གྱི་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོལ་བྱས་པ། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་གཟབ་གཟབ་ནན་ནན་གྱིས་སྤེལ་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གི་འདུས་གྲུབ་ཀྱི་སྟོབས་དང་འཐབ་འཛིང་གི་སྟོབས། ལྟེ་བར་ཕྱོགས་པའི་སྟོབས་བཅས་སྔར་ལས་ལྷག་པར་མཐོར་བཏེགས་ཤིང་། སྔོན་དཔག་གི་དམིགས་ཡུལ་ལ་སླེབས། ཚོགས་ཐོག་ནས། ནམ་ཤེས་ན་དེར་སྒྱུར་བའི་རྣམ་འགྱུར་དང་ནན་ནན་ཏིག་ཏིག་གི་འགུལ་སྐྱོད་ལ་བརྟེན་ནས། གནད་དོན་དག་ཐེར་ལེགས་སྒྱུར་ཡག་པོར་བཟུང་ནས། དག་ཐེར་ལེགས་སྒྱུར་དངོས་ལ་འབེབས་པ་དང་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན། 

ཝང་ལི་མིང་གིས། འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་གིས་ཕྱོགས་ཡོངས་མགོ་ཁྲིད་བྱེད་པའི་ཆབ་སྲིད་རྩ་དོན་མཐོ་ཤོས་འདི་གཡོ་འགུལ་མེད་པ། ཏང་ཀྲུང་དབྱང་གིས་འབོད་སྐུལ་ལ་རང་རྟོགས་སྒོས་བརྡ་ལན་སྟེར་བ། ཏང་ཀྲུང་དབྱང་གིས་ཐག་བཅད་པ་ཡིན་ན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་པ་ཡིན་ན་མཐའ་གཅིག་ཏུ་མི་སྒྲུབ་པ། ལྟེ་བའི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པ་དང་། ཁྲིམས་ལྟར་ལས་སྒྲུབ་འགན་ལེན་ལ་བློ་དཀར་བ། དམངས་ཆེན་ལས་དོན་གྱིས་ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་འཇུག་སྒོ་དང་ཟུང་འབྲེལ་གནས་ཡང་དག་པར་འཚོལ་བ། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་སྔར་ལས་ལྷག་པར་བཅོས་སྐྱོང་ཕན་ནུས་ལ་ངེས་པ་དོན་གྱིས་སྒྱུར་བ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའི་སྟོབས་དང་ལྡན་པའི་སྒུལ་ཤུགས་སུ་བསྒྱུར་དགོས། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་གཏིང་ཟབ་ཏུ་སྤེལ་བ་དང་། ལས་ཁུངས་བཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ་ལས་དང་པོར་འཇོག་པ། ནམ་ཡང་ལམ་དུ་ཡོད་པ་གཉིས་དང་ངེས་པར་གསུམ་དུས་དང་རྣམ་པ་ཀུན་ཏུ་ཡོད་ལ་དམ་པོར་འཛིན་པ། འཐབ་འཛིང་བློ་སྟོབས་བརྟན་པ། འཐབ་འཛིང་ནུས་པ་ཇེ་དྲག་ཏུ་བཏང་ནས། ལས་དོན་ཁོར་ཡུག་ལེགས་པོར་བསྐྲུན་དགོས། དག་ཐེར་ལེགས་བཅོས་དངོས་འབེབས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དང་དམིགས་འབེན་ཕྱོགས་སྟོན། གྲུབ་འབྲས་ཕྱོགས་སྟོན་བཅས་རྒྱུན་འཁྱོངས་བྱེད་པ། དག་ཐེར་ལེགས་བཅོས་ལས་འགན་དམིགས་པ། དག་ཐེར་ལེགས་བཅོས་འགན་འཁྲི་དངོས་འབེབས་བྱེད་པ། དག་ཐེར་ལེགས་བཅོས་གྲུབ་འབྲས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་ཀྱི་གོ་རིམ་དེ་ཏང་གཤིས་སྦྱོར་བརྡར་དང་རང་ཉིད་མཐོར་འདེགས། ངོས་འཛིན་གཅིག་མཐུན། གོང་འཕེལ་སྐུལ་བ་བཅས་ཀྱི་གོ་རིམ་དུ་འགྱུར་བར་བྱེད་པ། བྱ་བའི་སྤུས་ཚད་དང་ནུས་པ་མུ་མཐུད་དུ་མཐོར་བཏེགས་ཏེ། དམངས་ཆེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།