ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཁང་གཏན་འཁེལ་དང་དོ་དམ་བྱ་ཐབས》ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན།    《མཚོ་སྔོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཁང་གཏན་འཁེལ་དང་དོ་དམ་བྱ་ཐབས》ཟླ2པའི་ཚེས6ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།     《བྱ་ཐབས》ནང་དངོས་མིན་ཤུལ་བཞག་རིག་གནས་ཁང་གི་ཡར་ཞུ་དང་ངོས་འཛིན་ཆ་རྐྱེན།    གོ་རིམ། སྒྲིག་འཛུགས་འཛུགས་སྐྲུན།    རྒྱབ་སྐྱོར་བྱ་ཐབས།    དཔྱད་འཇོག་དོ་དམ་སོགས་ཀྱི་ཐད་གཏན་འབེབས་གསལ་བོ་བྱས་ཡོད་ལ། ལས་ཞུགས་ཡོང་སྒོ་འཕར་བར་སྐུལ་འདེད་དང་གྲོང་གསེབ་དར་སྤེལ་བྱེད་པར་རམ་འདེགས་བྱ་རྒྱུ་རེད།     

《བྱ་ཐབས》ནང་དངོས་མིན་ཤུལ་བཞག་རིག་གནས་ཁང་ཞེས་པ་ནི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སམ་ཡང་ན་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་།    ས་གནས་དེ་གའི་མང་ཚོགས་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བྱེད་པ་སོགས་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་རིམ་པ་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གྲོང་གསེབ་དར་སྤེལ་སྡེ་ཁག་དང་མཉམ་དུ་གཏན་འཁེལ་བྱས་པའི་ཚོང་གཉེར་དང་ཐོན་སྐྱེད་ལས་སྣོན་བྱ་ཡུལ་གཙོ་བོར་ངོས་བཟུང་བ་གསལ་བོར་བསྟན་ཡོད།    

《བྱ་ཐབས》ནང་འདོད་མོས་ཡོད་པའི་ཁེ་ལས་དང་མཉམ་ལས་ཁང་།    སྣེ་ཁྲིད་པ་བཅས་ཀྱིས་གྲོང་གསེབ་དར་སྤེལ་བྱེད་པའི་གཙོ་གནད་རོགས་སྐྱོར་རྫོང་དང་།    ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་ཁུལ་སོགས་སུ་དངོས་མིན་ཤུལ་བཞག་རིག་གནས་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།     ཆ་རྐྱེན་དང་མཐུན་པའི་དངོས་མིན་ཤུལ་བཞག་རིག་གནས་ཁང་གི་རྣམ་གྲངས་དེ་རྫོང་རིམ་པའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་བྱེད་པའི་རྣམ་གྲངས་མཛོད་གྲས་སུ་བཞག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་།    རིམ་པ་སོ་སོའི་དངོས་མིན་ཤུལ་བཞག་རིག་གནས་ཁང་དུ་གཏན་འཁེལ་བྱས་པར་ཐེངས་གཅིག་རང་བཞིན་གྱི་མ་དངུལ་རོགས་སྐྱོར་ལོངས་སུ་སྤྱོད་ཆོག་ལ།     ས་གནས་སོ་སོས་དངོས་མིན་ཤུལ་བཞག་རིག་གནས་ཁང་ལ་བརྟེན་ནས་ཁྱད་ལྡན་ངལ་ནུས་ཚོང་རྟགས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། དངོས་མིན་ཤུལ་བཞག་རིག་གནས་ཁང་གི་སྣེ་ཁྲིད་པ་ཚོས་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་།    གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་འཇོན་མི།    གྲོང་གསེབ་ཀྱི་ལག་ཤེས་པ་སོགས་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།     དངོས་མིན་ཤུལ་བཞག་རིག་གནས་ཁང་གི་བརྩམས་ཆོས་ཀྱི་བདག་དབང་དང་།    ཚོང་རྟགས་ཀྱི་བདག་དབང་།    ཁེ་བེད་བདག་དབང་སོགས་ལུགས་མཐུན་ངང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་བསྣན་ནས། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དངོས་མིན་ཤུལ་བཞག་རིག་གནས་ཁང་གི་མིང་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་པ་དངAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་།    ལོ་རྒྱུས་རིག་གནས་སྲང་ལམ་སོགས་འཛུགས་སྐྲུན་བྱེེད་པར་སྐུལ་འདེད་བཏང་སྟེ། དངོས་མིན་ཤུལ་བཞག་རིག་གནས་མཛེས་ལྗོངས་ཁུལ་དང་སྲང་ལམ་སོགས་ནས་བཟོ་སྐྲུན་སྟེགས་བུ་གསར་འཛུགས་དང་ཕྱི་ཚོང་སྟེགས་བུ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།    །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།