ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་མཐོར་འདེགས་ལེགས་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་སྲུང་ཆུ་ཚད་སྔར་ལས་ལྷག་པར་མཐོར་འདེགས་ཆེད། ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་དང་གླ་ཕོགས་དམའ་ཤོས་ཚད་གཞི་མཉམ་འགུལ་ལེགས་སྒྲིག་ལམ་སྲོལ་ལྟར། ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་མཉམ་འབྲེལ་སྒོས་ལས་ཤོར་འགན་བཅོལ་དངུལ་འགྲེམ་གཏོང་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཐག་བཅད། ཞིང་ཆེན་ཡོངས་ཀྱི་མི་རེར་ཟླེ་རེར་སྒོར1530རེ་ནས་མི་རེར་ཟླ་རེར་སྒོར1692རེ་བར་གཅིག་གྱུར་ལེགས་སྒྲིག་བྱས་པ་དང་། སྒོར162ཇེ་མང་དུ་སོང་ཡོད། 

ཐེངས་འདིའི་ལེགས་སྒྲིག་ནི་ལས་ཤོར་འགན་བཅོལ་ལ་ཞུགས་པར་མ་ཟད་ལས་ཤོར་འགན་བཅོལ་གཟིགས་སྐྱོང་མྱོང་བའི་ཆ་རྐྱེན་འཛོམས་པའི་མཁར་གྲོང་གི་ཁེ་ལས་དང་ལས་དོན་སྡེ་ཁག་གི་ལས་ཤོར་མི་སྣ་ལ་བེད་སྤྱོད་དགོས། འདི་ནི་མཚོ་སྔོན་གྱིས1986ལོར་ལས་ཤོར་འགན་བཅོལ་ལམ་ལུགས་བཙུགས་པ་ནས་བཟུང་། ཐེངས14ལ་ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་མཐོར་བཏེགས་པ་ཡིན་ལ། 1996ལོའི་ལེགས་སྒྲིག་ཐོག་མ་དང་བསྡུར་ན་ལྡབ14འཕར་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་ས་གནས་སོ་སོས་དངོས་འབེབས་ནན་ཏན་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱ་རྒྱུ་ཡིན་པ་དང་། དུས་ལྟར་ཚད་གཞི་གསར་པ་ལྟར་ལས་ཤོར་མི་སྣ་ལ་ལས་ཤོར་འགན་བཅོལ་དངུལ་འགྲེམ་གཏོང་བྱེད་པ། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་ཆུ་ཚད་ངེས་པ་དོན་གྱིས་འགན་སྲུང་ལེགས་པོ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།