ཀྲུང་གོ་བོད་ཀྱི་དྲ་བ།

ཐེམ་ཆེན་རྫོང་ཁྲལ་དོན་ཅུའུ་ཡིས“3+3+6”གི་རྣམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཐེམ་ཆེན་རྫོང་ཁྲལ་དོན་ཅུའུ་ཏང་ཨུ་ཡིས་མཐོང་ཆེན་དང་། སེམས་ཞིབ་མོས་འཆར་འགོད་བྱས་པ་དང་། ཅུའུ་ཡོངས་ཀྱི་གོང་འོག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ཐད་བྱེ་བྲག་གི་བཀོད་སྒྲིག་བྱས་པ་དང་། “སློབ་གསུམ་སྒྲུབ་གསུམ”གྱིས“དོན་འཁྱོལ་དྲུག”ལ་སྐུལ་འདེད་དང་། “མཐའ་འཁྱོལ་བར་བྱེད་པ་དང་གནས་ཚད་ཡོངས། ཡོངས་སུ་ཁེབས་པའི”སློབ་སྦྱོང་དྲིལ་སྒྲོག་གི་རྣམ་པ་གསར་བ་སྐྲུན་ནས། ཅུའུ་ཡོངས་ཀྱི་ལས་བྱེད་པས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་ཁྲོད་སྔོན་གྲས་སུ་བསྐྱོད་པར་སྐུལ་སྤེལ་བྱས། 

“སློབ”རྨང་གཞི་བྱས་ཏེ། ཁྱོན་ཡོངས་ནས་དགོངས་དོན་སློབ་སྦྱོང་བྱས། མཐའ་གཅིག་ཏུ“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་དམ་པོར་བཟུང་ནས། ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི“དཔེ་སྟོན་སློབ་སྦྱོང”བྱས་པ་བརྒྱུད། སློབ་སྦྱོང་གི་སྒྲིག་སྲོལ“གསར་གཏོད་སློབ་པ”སྒྲིག་འཛུགས་དང་། གཅིག་བསྡུས་སྒོས“གཏིང་ཟབ་པར་སློབ་པ”སྒྲོག་བཤད་བྱས་ཤིང་། དུས་ཐོག་ཏུ་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་བསྐྱེད་སློབ་སྦྱོང་གྲོས་ཚོགས་དང་། གཅིག་བསྡུས་སྒོས་སློབ་སྦྱོང་བགྲོ་གླེང་སོགས་རྩ་འཛུགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། ཅུའུ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་སློབ་སྦྱོང་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་བར་ཁག་ཐེག་བྱས། 

“སྒྲུབ”གཞི་རྩར་འཛིན་པ་དང་ཁྱོན་ཡོངས་ནས་ནང་སྙིང་ཕུན་ཚོགས་སུ་གཏོང་བ་ཁོང་དུ་ཆུད་པར་བྱེད་དགོས། འདུ་ཤེས་འཛིན་སྟངས་བརྟན་སྲུང་སྒོས། “ཏང་གི་སློབ་ཁྲིད་ལེགས་པོར་ཁྲིད་པ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་བ་ལེགས་པོར་སྒྲུབ”ནས། སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བྱས་ཏེ། ཏང་ཡོན་ལས་བྱེད་པའི་གཞུང་ལུགས་སློབ་སྦྱོང་དང་། བསམ་བློ་རྟོགས་པ། བྱེད་སྟངས་མཐོང་བར་བྱས་ཏེ། ལས་བྱེད་ལས་བཟོ་བའི་གོ་བ་ལོན་པ་དང་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲལ་བསྡུའི་བྱ་བའི་བྱེ་བྲག་གི་བྱེད་སྟངས་སུ་བསྒྱུར་བར་བྱས། 

“དོན་དངོས”གཙོར་བཟུང་ཏེ་ཁྱོན་ཡོངས་ནས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲལ་བསྡུའི་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་ཟུང་འབྲེལ་བྱས་ནས། “ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས”“སྲུང་སྐྱོང་གཉིས་སྒྲུབ་པར་བྱེད་པའི”ཐད་དོན་འཁྱོལ་ཡོང་བར་དམིགས་པ་དང་། “གནད་ཁེལ་བཞིར”དམིགས་ནས་ཁྲལ་བསྡུའི་དོ་དམ་བཅོས་བསྒྱུར་སྟེང་དོན་འཁྱོོལ་ཡོང་བར་བྱེད་པ་དང་། “དམངས་ཕན་དོན་དངོས་སྒྲུབ་པ་དང་ཞབས་ཞུ་དེང་རབས་ཅན”གྱི་ཁྲལ་སྒྲུབ་བྱ་འགུལ་དོན་འཁྱོལ། དེ་མིན“ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང”བའི་ཐད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་སྒྲིག་གཞི་བཅོས་བསྒྱུར་དང་། 1+7”སྒྲིག་སྲོལ་དོན་འཁྱོལ་ཡོང་བར་དམིགས་ནས། “མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཐད་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བཅོས་བསྒྱུར་ཐད་དོན་འཁྱོལ་བྱེད་པ། “གོ་རིམ་ཞན་པ”དང“གནད་འགག་གོ་རིམ”གྱི་རིམས་ནད་འགོག་སྡོམ་ཐད་དོན་འཁྱོལ་ཡོང་བར་དམིགས་ཏེ། “དོན་འཁྱོལ་དྲུག”ལས“ཐེམ་ཆེན་ཁྲལ་དོན་གྱི་སྤྱོད་སྟངས”མངོན ། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།