ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་མང་པོས་འཐབ་ཕྱོགས་དང་པོར་བསྐྱོད་དེ་མེ་འགོག་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནན་ཏན་སྒོས་ལོ་སར་སྐབས་ཀྱི་མེ་འགོག་བདེ་འཇགས་ལས་དོན་སྒྲུབ་ནས། ནུས་ཤུགས་ཡོད་རྒུས་མེ་འགོག་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པར་འགན་ལེན་བྱ་ཆེད།    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཁག་མང་པོས་ལོ་སར་རིང་གི་མེ་འགོག་བདེ་འཇགས་ཞིབ་བཤེར་དང་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ལོ་སར་སྐྱིད་པོ་རོལ་བར་བདེ་འཇགས་དང་བརྟན་བརླིང་གི་མེ་འགོག་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་ཡོད། 

དུས་ཆེན་སྐབས་སུ་མགོ་ལོག་ཁུལ་གྱི་མེ་འགོག་དང་འཕྲལ་བསྟུན།  སྡོད་ཁང་འཛུགས་སྐྲུན།  ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས།    སྤྱི་པའི་རོལ་རྩེད་བྱ་ཡུལ་བཅས་སུ་སོང་ནས་མེ་འགོག་བདེ་འཇགས་ལ་ཞིབ་བཤེར་བྱས་པ་རེད།    རིམ་པ་སོ་སོའི་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ལོ་སར་སྐབས་ཀྱི་མི་འདུ་འཛོམས་ཆེ་སར་ཞིབ་བཤེར་བྱས་ནས།  སྡེ་ཁག་སོ་སོས་མེ་འགོག་བདེ་འཇགས་དོ་དམ་ལམ་ལུགས་སོ་སོ་ནན་ཏན་སྒོས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱས། 

རིམ་པ་སོ་སོས་མེ་འགོག་སྡེ་ཁག་གིས་དུས་ཆེན་རིང་གི་མེ་འགོག་བདེ་འཇགས་གནས་བབ་ལ་སྔོན་ནས་ཞིབ་བཤེར་བྱས་པ་དང་། རིག་གནས་ཡུལ་སྐོར་དང་འཕྲལ་བསྟུན།    སྤྱི་བདེ།    མི་རིགས་ཆོས་ལུགས་སོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་དུས་ཆེན་རིང་སྒོ་ཕྱེས་ཡོད་པའི་ཚོང་ར་དང་མགྲོན་ཁང་།   གླུ་གར་རོལ་རྩེད་སོགས་མི་ཚོགས་འདུ་འཛོམས་ཆེ་སར་ཁྱོན་ཡོངས་ནས་ལྟ་ཞིབ་བྱས་པ་རེད།    དུས་མཚུངས་སུ་ས་ཆ་སོ་སོའི་དུས་ཆེན་རིང་རྒྱུན་ལྡན་གྱི་མེ་འགོག་སྐོར་ཞིབ་དང་ལས་རེས་བརྟན་སྲུང་དོན་འཁྱོལ་དང་།    བགྲོད་ལམ་ཤར་གཏོང་དང་བདེ་འཇགས་བགྲོད་ལམ་ཤར་གཏོང་།    མེ་འགོག་སྒྲིག་བཀོད་ཡོ་བྱད་འཐུས་ཚང་དུ་གཏོང་བ།    མེ་གློག་དང་སོལ་རླངས་སྤྱོད་པ་སོགས་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།