ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིི་རྟེན་གཞི་གསུམ་མིང་ཐོ་ནང་ཚུད་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན།   ཉེ་ལམ་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཤང་གི་སྒོག་སྐྱ་དང་།    ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཡུན་ཀུའུ་ཁྲོན་གྱི་ཞོག་ཁོག  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྐྱིད་ཆུ་ཤང་གི་ནས་ནག་རྟེན་གཞི་གསུམ་སྐོར་གཉིས་པའི་རྒྱལ་ཡོངས་འདེབས་འཛུགས་ལས་རིགས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་རྟེན་གཞིའི་མིང་ཐོ་ནང་ཚུད་ཡོད། 

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཞིང་ལས་ཐོན་སྐྱེད་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་”མཐོར་འདེགས་སུ་གཏོང་བའི་བྱ་འགུལ་གྱི་བླང་བྱ་ལྟར།    ནུས་ཤུགས་ཡོད་རྒུས་སྐྱེ་དངོས་གཙོ་བོ་དང་དགེ་མཚན་ལྡན་པའི་ས་ཁོངས་གཙོ་བྱས་ནས། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡིན་པ་དང་གཞི་ཁྱོན་དང་ཕན་འབྲས་ལེགས་པ། ཚན་རྩལ་གྱི་ཆུ་ཚད་མཐོ་བ། ཐོན་སྐྱེད་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་བཅས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི་ཞིག་གསར་སྐྲུན་བྱེད་པ་བརྩོན་ལེན་བྱས་ཐོག   ས་བོན་སྤུས་བཟང་གསོ་སྤེལ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ།  ཚོང་རྟགས་གྲགས་ཅན་གསར་གཏོད་བྱེད་པ།    ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་དང་སྐུལ་ཁྲིད་བྱེད་པ་བཅས་ལ་བརྟེན་ནས།     མིག་སྔའི་བར་འདེབས་འཛུགས་རྟེན་གཞི6རྒྱལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་རྟེན་གཞིའི་ནང་ཚུད་ཡོད་པ་དང་། ཞོག་ཁོག་དང་སྒོག་པ།    ནས་ནག་སོགས་ཞིང་ལས་སྐྱེ་དངོས་མང་པོ་འདུས་པས། འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་རྟེན་གཞིས་གྲོང་གསེབ་དར་སྤེལ་དང་འདེབས་འཛུགས་ལས་རིགས་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།  ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།