ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱས་འཛོམས་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གི་དམངས་ཆེན་བྱ་བའི་སྐོར་གྱི་འབྲེལ་ཡོད་གཏམ་བཤད་ཀྱི་དགོངས་དོན་དང་སྐབས་བཅུ་བཞི་བའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལེ་མེན་གྱིས་མགོ་འཛིན་བྱས་ནས་གཏམ་བཤད། དབྱང་ཧྥུན་ཁྲོན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་ལམ་སྤྱོད་ཚུལ་འཛུགས་སྐྲུན་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ལྷོད་ཡངས་སྐད་ཅིག་ཙམ་ཡང་མེད་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་རེ་བ་གསལ་བོ་བཏོན་པ་དང་བཀོད་སྒྲིག་ཞིབ་ཏུ་བྱས་ཡོད། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱས་ཤིང་། ལངས་གནས་མཐོར་འདེགས་ཁྲོད་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་ཁ་གསབ་ཁྲོད་ནས་འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། གཏན་གནས་གསལ་བོའི་ཁྲོད་སྒྲིག་ལམ་སྤྱོད་ཚུལ་ལ་ཤུགས་སྣོན་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་རྩ་གནད་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྤྱོད་གཙང་ལུགས་མཐུན་གྱི་ཆབ་སྲིད་སྐྱེ་ཁམས་གསར་བསྐྲུན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱུན་མཐུད་འབད་འཐབ་དང་ལས་གཉེར་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྔར་ལས་ལྷག་པར་ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲིའི་ལས་འགན་ཁུར་དུ་བླངས་ནས། སྟོབས་ཤུགས་མཉམ་འདོན་གྱིས་དམངས་ཆེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ནན་ཏན་གྱིས་ཧྲུའུ་ཅི་ཁྲིན་ཀང་གི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་དེ་ལག་བསྟར་བཟང་བོ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་སྣ་ཚོགས་ལག་བསྟར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས། 

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་འཐུས་ཚབ་ཚོགས་པ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་པ་དང་ལས་ཁུངས་ཀྱི་ད་ལོའི་བྱ་བ། དུས་ཆེན་སྐབས་ཀྱི་བདེ་འཇགས་སྤྱོད་གཙང་སོགས་ཀྱི་བྱ་བའི་ཐད་རེ་བ་བཏོན་ནས་བཀོད་སྒྲིག་གང་ལེགས་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།