ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”སྐྱེ་ཁམས་དཔལ་ཡོན་གྱི་པར་རིས་འགྲེམས་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས18ཉིན།  མཚོ་སྔོན་ཞིང་ཆེན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”སྐྱེ་ཁམས་དཔལ་ཡོན་པར་རིས་འགྲེམས་སྟོན་དེ་ཟི་ལིང་དེང་རབས་སྒྱུ་རྩལ་ཁང་དུ་སྤེལ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་ཚུགས་མཛད་སྒོ་ཁྱབ་བསྒྲགས་བྱས་པར་མ་ཟད།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་དང་མཉམ་དུ་བྱ་དགའ་ཐོབ་པའི་པར་ལེན་པར་བྱ་དགའ་གནང་། 

ཐེངས་འདིའི་འགྲེམས་སྟོན་དེ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ།  ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་།  མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་བཅས་ཀྱིས་གཙོ་གཉེར་བྱས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་།  སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ།  མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་ལྗོངས་ཁྱོན་ཡོངས་ནས་མངོན།  འགྲེམས་སྟོན་དུས་ཡུན་ཟླ་གཅིག་རིང་ཡིན་ཞིང་།  བསྡོམས་པས་པར་རིས་བརྩམས་ཆོས130འགྲེམས་སྟོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།