ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་མུས་སིན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ཁག་སེལ་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་ཚན་རྩལ་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཞུའུ་ཁྲུན་གྱིས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་སྡེ་ཁག་གིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཐད་གསར་སྐྲུན་རོགས་འདེགས་བྱས་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་ལ། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་མ་ཅན་ལིས་ཀྱིས་མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་བྱས་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཝང་ཨུན་ཀོང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ནགས་རྩྭ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་ཞེ་པོ་ཨུན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་ནུས་ལྡན་འབྲེལ་མཐུད་བྱེད་པའི་བྱ་བ་སྣ་ཚོགས་ལག་བསྟར་བྱས་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཚོགས་ཆེན་དྲུང་ཡིག་ཁྲུའུ་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཡན་གྱིས་མགོ་འཛིན་བྱས་པ་དང་། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་ཞིང་ཆེན་ལྟེ་གནས་ཀྱི་གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།