ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཁྲིམས་ཁང་གི་ཐུན་མོང2དང་མི་སྒེར4ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་པ་ལྟར་ན། 2022ལོར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱིའི་རྣམ་པ་བརྟན་བརླིང་ཡིན་པར་ཁག་ཐེག་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་བཏང་ནས། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚད་མཐོ་བའི་ཁས་ལེན་ཐོབ་ཡོད་ཅིང་། བསྡོམས་པས་ཐུན་མོང2དང་མི་སྒེར4ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཟེངས་བསྟོད་ཐོབ་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སོ་སོར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྗོང་གི་མི་དམངས་ཁྲིམས་ཁང་ལ“རྒྱལ་ཡོངས་ཕུལ་བྱུང་ཁྲིམས་ཁང”གི་མཚན་སྙན་གནང་བ་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་དམངས་ཁྲིམས་ཁང་ལ“མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་དཔེ་སྟོན་ཁྲིམས་ཁངགི་མཚན་སྙན་གནང་ནས་སྒོ་བྱང་བཀལ། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལིའུ་ཡུང་ཅན་ལ“རྒྱལ་ཡོངས་ཕུལ་བྱུང་ཁྲིམས་དཔོན”གྱི་མཚན་སྙན་གནང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་མི་དམངས་ཁྲིམས་ཁང་གི་ཧོ་ཡ་ཧྥིན་དང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་གི་ཅིན་དབྱིན་ཀྲུའུ། རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་དམངས་ཁྲིམས་ཁང་གི་དབང་རྒྱལ་དོན་འགྲུབ་བཅས་ལ“རྒྱལ་ཡོངས་ཁྲིམས་ཁང་གྱོད་དོན་ཞིབ་གཅོད་མིག་དཔེ”ཡི་མཚན་སྙན་གནང་བ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།