ཀྲུང་གོ་བོད་ཀྱི་དྲ་བ།

གཅན་ཚ་རྫོང་གིས“འབུར་ཐོན་གསུམ”གནད་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་ནོར་གྱིས་བསྒྱུར།   སྤེལ་དུས། : 2022-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཇུས་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། ཚད་མཐོའི་སྐུལ་འདེད་བཅས་བྱས་ཏེ་སློབ་སྦྱོང་དང་། བསམ་གཞིགས། ལག་ལེན་བཅས་ཀྱི་ཚ་རླབས་ཤིག་ཁྱོན་ཡོངས་ནས་བསླངས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ཀྱི་གོ་རིམ་ཁྲོད་རྒྱུན་མཐུད་ངང་ཁྲིད་སྟོན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།

གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་འབུར་དུ་ཐོན་པར་བྱས།

རྒྱུན་ལྡན་གྱི་སློབ་སྦྱོང་གི་རྣམ་པ་དང་ཟུང་འབྲེལ་བྱས་ནས《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ》(བམ་པོ་བཞི་པ)དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཏིང་ཟབ་ཅིང་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་གི་འཆར་གཞི་ཞིབ་ཕྲ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། གཅིག་སྡུད་སློབ་སྦྱོང་དང་། བསམ་ཚུལ་སྤེལ་རེས། ཆེད་དོན་ཞིབ་བསྡུར་སོགས་བརྒྱུད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སེམས་སུ་འཇགས་པར་སྐུལ་འདེད་བཏང་བ་མ་ཟད། གུང་ཁྲན་ཏང་ཡོན་གྱི་དྲ་བ་དང་། མཚོ་སྔོན་ཏང་འཛུགས་སོགས་དྲ་བའི་སྟེགས་བུ་སྤྱད་དེ་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་བླངས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཤིང་། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་བཏང་།

གཏིང་ཟབ་ཅིང་མངོན་གསལ་དོད་པོ་ཡོང་བ་འབུར་དུ་ཐོན་པར་བྱས།

རྫོང་རིམ་པའི་མགོ་ཁྲིད་ཁག་གིས་སྣེ་ཁྲིད་དེ་གྲོང་རྡལ་དང་། གྲོང་སྡེ། སློབ་གྲྭ།“གསར་པ་གཉིས”ཀྱི་རྩ་འཛུགས་སོགས་དང་འབྲེལ་གཏུག་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་པ། ཆེད་དོན་ཏང་གི་སློབ་ཚན་སོགས་ཀྱི་བྱེད་སྒོ་སྤེལ་ནས་མཐུན་འབྲེལ་མཉམ་སྐྲུན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་སྐྱེལ་བ་དང་། དེ་དང་ཆབས་ཅིག་གཞི་རིམ་ཏང་གི་སློབ་གྲྭ་དང་སྡེ་སྡོད་ལས་དོན་རུ་ཁག རྫོང་ཁོངས་སྒྲོག་འགྲེལ་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ལག་དེབ་བཟོས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་ཀྱི་སེམས་ལ་ཆགས་སུ་བཅུག།

སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་འབུར་དུ་ཐོན་པར་བྱས།

ཏང་གི་ཚོགས་ཆེན་ཉི་ཤུ་པས་དཀྲིས་པའི་ལས་འགན་གསར་པ་དང་། འགན་འཁྲི་གསར་བ། བླང་བྱ་གསར་པ་བཅས་ལ་དམིགས་ནས་རྣམ་གྲངས་ཅན་གྱི་དོ་དམ་དང་། གསལ་ཐོ་ཅན་གྱི་སྐུལ་འདེད། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་གསར་གཏོད་དང་། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པ་སོགས་ལ་འབད་དེ། གཙོ་གནད་ལས་འགན་ཁག་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱས། །

རྩོམ་སྒྲིག་པ། : བསམ་ནོར།