ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཚོང་རྫས་རིག་གནས་གསར་སྐྲུན་འགྲན་བསྡུར་བདེ་བླག་ངང་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐོན་རྫས་གསར་སྐྲུན་འཆར་འགོད་མཐུན་ཚོགས། མཚོ་སྔོན་དངོས་མང་བཤམས་སྟོན་ཁང་མནའ་འབྲེལ་གྱིས་འགན་སྒྲུབ་བྱས་པའི2022ལོའི་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཚོང་རྫས་རིག་གནས་གསར་སྐྲུན་འགྲན་བསྡུར་གྱི་རྟིང་རྩོད་དེ་ཟི་ལིང་དུ་སྤེལ།

ཐེངས་འདིའི་འགྲན་བསྡུར་གྱིས“སྐྱེ་ཁམས་མཚོ་སྔོན་དང་། མ་འོངས་གསར་སྐྲུན”བརྗོད་དོན་དུ་བྱས་ཏེ། འགྲན་ཞུགས་བརྩམས་ཆོས་ཀྱི་གསར་རྩོམ་རང་བཞིན་དང་། གསར་ཤོས་རང་བཞིན། སྒྱུ་རྩལ་རང་བཞིན། བེད་སྤྱོད་རང་བཞིན། ཚོང་ར་དང་དཔེ་སྟོན་རང་བཞིན་བཅས་འབུར་ཐོན་དུ་བྱས་ནས། བསྡོམས་པས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྤྱི་བའི་རིག་གནས་སྡེ་ཁག་དང་། སྒྱུ་རྩལ་ཚོགས་པ། མཐོ་རིམ་སློབ་གྲྭ རིག་གནས་ཡུལ་སྐོར་ཁེ་ལས། སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་100ལྷག་ཞུགས་ཤིང་། ཁྱོན་རིགས་ཆེན་པོ5ཡི་དངོས་པོ303རྟིང་རྩོད་ཁྲོད་ཚུད། འགྲན་ཞུགས་བརྩམས་ཆོས་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དང་། ཡུལ་སྐོར་བཟོ་རྩལ། རྗེས་དྲན་དངོས་རྫས་བཅས་ཡོད་པ་མ་ཟད། འཚོ་བ་དང་མང་ཚོགས་ཀྱིས་འཛད་སྤྱོད་བྱེད་པར་འཚམས་པའི་ཡུལ་སྐོར་ཁམས་གསེང་ཟས་རིགས་དང་། གྱོན་ཆས་དང་ཁྱིམ་ཆས།  ཡུལ་སྐོར་ཟོག་སྒམ་དང་ཞྭ་ལྷམ། བྱུག་རྫས་དང་རྒྱན་ཆ། རྩེད་ཆས་སོགས་ཡོད་ལ། རིགས་སྣ་འཛོམས་ཤིང་ཁྱད་ཆོས་འབུར་དུ་ཐོན་པ་དང་། ཚོང་རའི་མདུན་ལྗོངས་ལེགས་པོ་ལྡན།

ཐེངས་འདིའི་འགྲན་བསྡུར་ནི་ད་ལོའི་ཟླ6པ་ནས་མགོ་བརྩམས་པ་དང་། སྨྱན་བྱད་དྲིལ་སྒྲོག་དང་། བརྩམས་ཆོས་བསྡུ་རུབ། འགྲན་ཞུགས་བརྩམས་ཆོས་བདམས་གསེས། དྲ་རྒྱའི་པ་སེ་འཕེན་པ། ཆེད་ལས་དཔྱད་འདེམས་པ་དང་མང་ཚོགས་དཔྱད་འདེམས་ཨུ་ཡོན་གྱིས་ཡུལ་དངོས་སུ་དཔྱད་འདེམས་བྱེད་པ་སོགས་ཀྱི་རྣམ་པས། མཇུག་མཐར་གསེར་དང་དངུལ། ཟངས་དང་ཕུལ་བྱུང་བྱ་དགའ་བཅས་བདམས། འགྲན་བསྡུར་གྱིས་ཀྱང་རང་ཞིང་གི་ཡུལ་སྐོར་ལས་རིགས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཡུལ་སྐོར་ཚོང་རྫས་གསར་སྐྲུན་ཆུ་ཚད་མཐོ་རུ་བཏང་བ་དང་། ཡུལ་སྐོར་བས་མཚོ་སྔོན་ཡུལ་སྐོར་ཚོང་རྫས་ཀྱི་ཉོ་སྒྲུབ་དགོས་མཁོ་བསྐངས་པ་དང་། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་རྒྱ་བསྐྱེད་པར་བྱེད་ནུས་ཐོན་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།