ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས2022ལོའི“ཟློས་གར་གྲོང་གསེབ་ཏུ་བསྐྱལ་བའི”བྱེད་སྒོ་བ་ཡན་གྲོང་རྡལ་དུ་སྤེལ་འགོ་ཚུགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དཔའ་ལུང་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས། ཤེས་གསལ་ལྟར་ན། དཔའ་ལུང་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་སྒྲོག་འགྲེལ་ལས་སྟེགས་ལ་བརྟེན་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་རིག་རྩལ་རྟ་དམག་དང་། སྔོན་ཐོན་དཔེ་མཚོན་སྒྲོག་འགྲེལ་རུ་ཁག རིག་རྩལ་སྒྲོག་འགྲེལ་རུ་ཁག བོད་རྒྱ་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག མང་ཚོགས་སྒྲོག་འགྲེལ་རུ་ཁག་སོགས་ཁྱད་ལྡན་སྒྲོག་འགྲེལ་རུ་ཁག10ཡིས་ཏང་གི་སྲིད་ཇུས་བཟང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཏན་ཏིག་གིས་བརྒྱུད་སྤྲོད་བྱས་ནས། མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དཔལ་ལུང་རྫོང་དུ་ཁྱབ་སྒྲོག་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
དཔའ་ལུང་རྫོང་གིས་ཟློས་གར་གྲོང་གསེབ་ཏུ་བསྐྱལ་བ་ཞེས་པའི་བྱེད་སྒོ་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།