ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཀྱི་ཐོན་ལས“ཕྲེང་འབྲེལ་དཔོན་ལམ་ལུགས”ཀྱིས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བསྐྲུན་པར་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་དང་།  རྣམ་གྲངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས“ཕྲེང་འབྲེལ་དཔོན་ལམ་ལུགས”ཀྱི་ཚད་གཞི་སྤོར་བར་སྔར་བས་སྐུལ་འདེད་བཏང་བ་དང་།  ཚྭ་མཚེའུ་ཐོན་ཁུངས་སྐས་རིམ་བཞིན་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་ལྟེ་བར་བཟུང་ནས།  རྫས་འགྱུར་བཟོ་ལས་དང་།  ལྕགས་བཞུ།  རྒྱུ་ཆ་གསར་པ།  ནུས་རྒྱུ་གསར་པ།  སྒྲིག་ཆས་བཟོ་བ་སོགས་ཐོན་ལས་མང་པོ་རྒྱ་སྐྱེད་དང་།  ནུས་ཤུགས་ཡོད་རྒུས་ཚྭ་འདམ་གཤོངས་སའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་བཏོད། 

མཚོ་ནུབ་ཁུལ་གྱིས་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་།  སྣུམ་རླངས་རྫས་འགྱུར་བཟོ་ལས།  དེ་བཞིན་རྒྱུ་ཆ་གསར་པ་དང་ནུས་རྒྱུ་གཙང་མ་སོགས་ཐོན་ལས་འབྲེལ་ཐག་ཆེན་མོ12བཙུགས་ནས།  ཐོན་ལས་ཕྲེང་འབྲེལ་སོ་སོས་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་།  བརྟག་ཞིབ་བྱེད་སྒོ་སྤེལ་བ་སོགས་བརྒྱུད་གནས་གཏན་འཁེལ་གྱིས“ཐོན་ལས་ཕྲེང་འབྲེལ་གྱི་ས་ཁྲ”བཟོས་ནས་ལག་བསྟར་ཇུས་གཞི་མང་པོ་ཞིག་ཆགས་པར་བྱས།  དེ་དང་ཆབས་ཅིག  ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ལེགས་ཆ།  ཐོན་ལས་ཀྱི་དགོས་མཁོར་གཞི་ཚུགས་ཏེ།  ཕྱི་རྒྱལ་དུ་བཅའ་སྡོད་ཚོང་འགུག་འབྲེལ་གཏུག་ཁང་བཙུགས་ནས།  སྦྲེལ་མཐུད་རྣམ་པའི་ཚོང་འགུག་རྣམ་གྲངས་མཛོད་ཁང་བཙུགས།  ཐོན་ལས་ཕྲེང་འབྲེལ་སོ་སོས“ཕྱིར་སྐྱོད་པ་དང་ནང་འདྲེན་བྱེད་པའི”སྦྲེལ་མཐུད་རྣམ་པའི་ཚོང་འགུག་རྣམ་པ་སྤྱད་དེ།  “ཕྲེང་འབྲེལ་ལ་བརྟེན་ནས་ཚོང་འགུག་དང་ཚོང་པས་ཚོང་འགུག་བྱེད་པའི”རྣམ་པས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཐོན་ལས་ཀྱི་རིམ་པ་མཐོ་རུ་བཏང་སྟེ།  མཚོ་ནུབ་ཀྱི་དབྱེ་འབྱེད་ཐུབ་ཚད་དང་།  འཚར་ལོངས་ཐུབ་ཚད་མཐོ་བ།  རྒྱལ་ནང་དུ་ཤུགས་རྐྱེན་ཐེབས་ཤུགས་བཅས་ཀྱི་ལེགས་ཆའི“ཕྲེང་འབྲེལ་གྱི་གཙོར་བྱས་པའི”ཁེ་ལས་སྐོར་ཅིག་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱེད་བཞིན་ཡོད། 

གཞན་ཡང་ཐོན་ལས་ཕྲེང་འབྲེལ་གྱི་ཚན་རྩལ་གསར་གཏོད་ཀྱི་སྣེ་འདྲེན་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།  ནུས་རྒྱུ་འབྲིང་བས་མཁའ་རླུང་ཉུང་འཕྲི་གསོག་འཇོག་ནུས་པ་དང་།  ཧྭ་གློག་འོད་ཤུགས་བཟོ་ཆིང་།  ལུའུ་ནེང་ཚྭ་གསོག་ནུས་སོགས་གསར་གཏོད་རྣམ་གྲངས་ཐོ་འགོད་བྱས་ནས།  ཐོན་ལས་ཕྲེང་འབྲེལ་གྱི་ཚན་རྩལ་གསར་གཏོད་མཐོ་ས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་།  ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།