ཀྲུང་གོ་བོད་ཀྱི་དྲ་བ།

ཅང་སུའུ་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བའི་བརྙན་རིས་བཞུགས་མོལ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། ཅང་སུའུ་ཞིང་ཆེན་དང་རང་རེའི་མཚོ་སྔོན་ཞིང་ཆེན་གྱིས་བརྙན་རིས་རྣམ་པའི་ཁ་གཏད་རོགས་སྐྱོར་རོགས་ལས་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མགོ་འཛུགས་ས་གསར་པའི་སྟེང་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་བསམ་བློ་བརྗེ་རེས་དང་གྲོས་མོལ་བྱས། 

ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཀྲིན་ལུང་ནན་ཅིང་ཚོགས་རའི་སྟེང་ཞུགས་ནས་གསུང་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་ཟི་ལིང་གི་ཚོགས་རའི་སྟེང་གསུང་བཤད་གནང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞོའུ་ཁུན་ལིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ད་ལོའི་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་རོགས་ལས་བྱ་བའི་གནས་ཚུལ་ངོ་སྤྲོད་གནང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཧྥའེ་ཀའོ་ཡོན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་། 

ཝུའུ་ཀྲིན་ལུང་གིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་རིམ་པ་སོ་སོ་ཏང་ཨུ་དང་སྲིད་གཞུང་གིས་ཅང་སུའུ་ཡི་རོགས་སྐྱོར་མངགས་གཏོང་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དུས་སྐབས་གལ་ཆེན་འདི་དང་། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་དུས་མཚམས་གལ་ཆེན་འདིར། ཅང་སུའུ་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ནི་ཕྱོགས་གཉིས་ཀྱིས་གོམ་གང་མདུན་སྤོས་ཀྱིས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་བཏོང་བར། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་ཅང་སུའུ་དང་མཚོ་སྔོན་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཡོད། བརྙན་རིས་བཞུགས་མོལ་གྲོས་ཚོགས་བསྡུས་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་རོགས་ལས་དོན་འཁྱོལ་ལ་ཕན་འབྲས་ཐོན་པར་སྔར་ལས་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ནི་ཏང་གི་ལྟེ་བའི་ལས་འགན་ཡིན་ལ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཅང་སུའུ་དང་མཚོ་སྔོན་གྱིས་ཐུན་མོང་ཐོག་འགན་ཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱི་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་ཁེལ་གཉིས་”ལ་བློ་རྩ་བརྟན་པོས་བརྩི་བཀུར་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཐུན་མོང་ཐོག་འགན་འཁྲི་དང་ལས་འགན་དོན་འཁྱོལ་བཟང་པོ་བྱེད་པ། མ་དངུལ་འབོར་ཆེན་གཏོང་བ་དང་། ལྷད་མེད་ཀྱིས་རོགས་རམ། ལས་དོན་དོན་གཉེར་གྱིས་རོགས་སྐྱོར། ཐོན་ལས་ཕན་ཚུན་གསབ་རེས། མི་སྣ་མཉམ་འགུལ། ཕན་ཚུན་བར་ལག་རྩལ་སློབ་སྦྱོང་། འདུ་ཤེས་སྤེལ་རེས། ཕན་ཚུན་གྱི་སྤྱོད་ཚུལ་དཔྱད་གཞིར་འཛིན་རེས། རང་རང་སོ་སོའི་དགེ་མཚན་འདོན་སྤེལ་དང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཞིང་ཆེན་གཉིས་ཀྱི་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྔར་ལས་ལེགས་པ་བསྐྲུན་པ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཁྲོད་དངོས་སྒྲུབ་མཉམ་ལས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་གཏོད་པ། ཅང་སུའུ་དང་མཚོ་སྔོན་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་པ། ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བློ་བདེ་པོ་ཡོང་བར་བྱེད་པ་དང་། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱེད་དགོས་པར་བརྗོད། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས། ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་རོགས་ལས་ཐད་ཀྱི་འགན་འཁྲིའི་འཁུར་སེམས་བཅངས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མདུན་སྐྱོད་ཀྱི་གོམ་པ་རེ་རེ་རེར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱི་རོམས་རམ་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། ཏང་ཀྲུང་དབྱང་གི་དམིགས་བསལ་གྱི་གཅེས་སྐྱོང་དང་། མཚོ་སྔོན་ལ་རོགས་རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱི་བརྩེ་སེམས་ཆེན་པོ་བཅངས་བར། མཚོ་སྔོན་མི་དམངས་ཀྱིས་ནམ་ཡང་སེམས་ལ་བརྟན་པོར་བཟུང་ནས་བཀའ་དྲིན་བརྗེད་མི་སྲིད། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སྣེ་ཁྲིད་བརྩོན་ལེན་དང་། དཔེ་སྟོན་བརྩོན་ལེན། མདུན་དུ་སྐྱོད་པ”བཅས་ཀྱི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལོ་ངོ12རིང་གི་མཚོ་སྔོན་་ལ་རོགས་སྐྱོར་དང་། ལོ་ངོ6གི་རིང་གི་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་དང་། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཅང་སུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚད་གཞིར་འཛིན་པ་དང་། ཅང་སུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་པར་སློབ་སྦྱོང་། མཚོ་སྔོན་གྱི་ཁྱད་ཆོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་དགོས། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་བསྐྱོད་ནས། མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ས་ཚིགས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ནི་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པར་འབྲེལ་མཐུད་དང་། ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་གསར་པ་ཞིག་ཏུ་བསྒྱུར་བ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་དང་ལག་གདང་སྦྲེལ་བ། ཕྱོགས་གཉིས་སྤེལ་རེས་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཉིས་ཕན་མཉམ་རྒྱལ་ཡོང་བ་མངོན་འགྱུར་ཡོང་བ་དང་། ཐུན་མོང་ཕྱུག་འགྱུར་གྱི་དྲིས་ལན་ལ་སྐར་འབྲས་མཐོན་པོ་ཞིག་སྤྲོད་དགོས་པར་བརྗོད། 

ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་ཁྲུའུ་ཡུང་ཧུང་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝུའེ་ཏུང་དང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར་བཅས་ནན་ཅིང་དང་ཟི་ལིང་གི་ཚོགས་རའི་སྟེང་ཞུགས། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཅང་སུའུ་ཞིང་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁ་གཏད་རོགས་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་དང་། ཁ་གཏད་རོགས་སྐྱོར་མཚོ་སྔོན་ཞིང་ཆེན་ལས་དོན་རུ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།