ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་མཚོ་སྔོན་ནགས་ལས་དང་རྩྭ་ཐང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་བརྙན་རིས་ཀྱི་རྣམ་པས་སྨྱན་བྱད་ལ་མཚོ་སྔོན་ནགས་ལས་དང་རྩྭ་ཐང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཕན་འབྲས་ཁྱབ་བསྒྲགས་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ནགས་ལས་རྩྭ་ཐང་སྡེ་ཁག་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཅིག་གྱུར་སྣེ་ཁྲིད་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རང་བྱུང་སྲུང་སྐྱོང་སས་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་ཐད། དངོས་རིགས་འཚོ་སྡོད་བྱེད་སའི་ཁྲོད་ཀྱི་བྱེད་ནུས་སྲུང་སྐྱོང་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི26.75ལ་སླེབས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི38.42%ཟིན་པ་དང་། རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་སའི་རྒྱ་ཁྱོན་གྱི 77.17%ཟིན་ལ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་དང་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོང་སའི་མ་ལག་གསར་བ་གྲུབ་ཡོད།  

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་ཚུན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱིི་གླིང་སྒྲིག་གཞི་ཚོད་ལྟ་བདེ་བླག་ངང་ལེགས་འགྲུབ་བྱས་པ་མ་ཟད་རྒྱལ་ཁབ་ཀྱི་དཔྱད་འཇོག་བསྡུ་ལེན་བྱས་པ་དང་། ད་ལྟ་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག སྤྱི་གླིང་སྒྲིག་འགོད་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གིས་ཕྱོགས8ནས་གསར་སྐྲུན་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་མཚམས)གི་དུས་རིམ་སྔོན་མའི་ཚན་རིག་ཞིབ་འཇུག་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།  གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོ། ཚྭ་འདམ་གཞོང་། ཙོང་ཆུའི་བཞུར་ཡུལ་གྱི“སྐྱེ་ཁམས་དུམ་བུ་ལྔ”གཙོ་གནད་ས་ཁོངས་སུ་བྱས་ཏེ། ནགས་ཚལ་དང་། རྩྭ་ཐང་། བརླན་ས། བྱེ་ཐང་སྐྱེ་ཁམས་མ་ལག་བཅས་ལ་བརྟེན་ནས། རི་སྐྱེས་སྲོག་ཆགས་རྩ་ཆེན་དང་། རང་བྱུང་མཛེས་ལྗོངས་གལ་ཆེན། རང་བྱུང་ཤུལ་བཞག་ཁྱོན་ཡོངས་སྲུང་སྐྱོང་གི་རང་བྱུང་སྲུང་སྐྱོང་སའི་དྲ་རྒྱ། རང་བྱུང་སྲུང་སྐྱོང་སའི་ནང་གི་སྐྱེ་ཁམས་མ་ལག་དང་། དངོས་རིགས་ཐད་མ་ལག་གི་སྲུང་སྐྱོང་ཐོབ་ཅིང་། སྣ་མང་རང་བཞིན་ཡང་ཕུན་ཚོགས་སུ་བཏང་། 

མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་གླིང་ག་དང་། སྐྱེ་དངོས་གླིང་ག རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་གསོ་སྤེལ་ལྟེ་གནས། དངོས་རིགས་ཐོན་ཁུངས་མཛོད། རྒྱལ་གཉེར་ནགས་ར་སོགས་གཞི་རྟེན་དུ་བྱས་ནས་རི་སྐྱེས་སྲོག་ཆགས་གནས་སྤོར་སྲུང་སྐྱོང་མ་ལག་སྒྲིག་འཛུགས་བྱས། མཚོ་བོད་མཐོ་སྒང་རི་སྐྱེས་སྲོག་ཆགས་གསོ་སྤེལ་དུ་རི་སྐྱེས་སྲོག་ཆགས་རིགས108དང་གྲངས་ཀ1200ལྷག་ཡོད། ཉེ་བའི་ལོ་ངོ་བཅུའི་རིང་། སྔ་རྗེས་སུ་བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་རིགས50ཡི་གྲངས་ཀ1000ལྷག་མྱུར་སྐྱོབ་བྱས། ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་གར་རིགས་སོ་སོའི་སྐྱེ་དངོས་རིགས97དང་ཁའོ279སྣ800ལྷག་གསོག་ཉར་བྱས་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།