མཚོ་སྔོན་གྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་སྐབས་དྲུག་པའི་ཀྲུང་གོའི་ན་གཞོན་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་གྱི་ཟངས་ཀྱི་རྟགས་མ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི“‘བྱིས་པ’དང་སྐྱོད”ཅེས་པའི་ཁྲག་ནད་ཅན་གྱི་བྱིས་པར་འགྲོགས་པའི་རྣམ་གྲངས་ལ་སྐབས་དྲུག་པའི་ཀྲུང་གོ་ན་གཞོན་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེན་མོའི་ཟངས་ཀྱི་བྱ་དགའ་ཐོབ་པ་རེད། 

སྐབས་དྲུག་པའི་ཀྲུང་གོའི་ན་གཞོན་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེན་མོ་ནི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཞིག་ཡིན་པ་དང་། བྱ་དགའ་ཐོབ་པའི་རྣམ་གྲངས་ནི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ལས་རིགས་སོ་སོའི་ཕུལ་བྱུང་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འཐུས་མི་ཡིན་ལ། དང་བླངས་རང་བཞིན་དང་དངོས་ཕན་རང་བཞིན། ཆེད་ལས་རང་བཞིན། གསར་གཏོད་རང་བཞིན་སོགས་ཐད་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་ཆེན་པོ་ལྡན་ཡོད། 

མཚོ་སྔོན་ཞིང་ཆེན་འགྲན་བསྡུར་ནང་ཞུགས་མཁན‘བྱིས་པ’དང་སྐྱོད”ཅེས་པའི་ཁྲག་ནད་ཅན་གྱི་བྱིས་པར་འགྲོགས་པའི་རྣམ་གྲངས་དེ2020ལོར་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོས་སྐྱེད་སྲིང་དང་མཚོ་སྔོན་སློབ་ཆེན་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་རྒྱ་གྲམ་དམར་པོ་དང་བླངས་ཞབས་ཞུ་རུ་ཁག་གིས་ལག་བསྟར་བྱས་ཤིང་། 2021ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་དུ་སྒོ་བྱང་བཀལ་ནས་དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་པ་རེད། རྣམ་གྲངས་དེ་རྒྱ་གྲམ་དམར་པོའི་དང་བླངས་པས་སྨན་ཁང་དུ་སྡོད་པའི་ཁྲག་གི་ནད་ཕོག་པའི་བྱིས་པ་ཚོར་རོགས་རམ་བྱས་ནས། ནད་གདོན་ལ་ཁ་གཏད་གཅོག་པའི་ཡིད་ཆེས་བསྩལ་ཏེ་བྱིས་པ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་བསྐྱར་དུ་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག རྒྱ་གྲམ་དམར་པོའི་དང་བླངས་པའི་ཞབས་ཞུ་བརྒྱུད་སྤྱི་ཚོགས་ལས་རིགས་སོ་སོས་ཁྲག་གི་ནད་ཕོག་པའི་བྱིས་པར་དོ་ཁུར་བྱས་ནས་གཅེས་སེམས་མི་སྣ་སྔར་བས་མང་བས་ཁྲག་གི་ནད་ཕོག་པའི་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས། 

རྣམ་གྲངས་ཀྱིས་དུས་མཉམ་དུ་མཐོ་སློབ་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་། ཆེད་ལས་ཅན་དང་རྩལ་ནུས་ཅན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མཐོ་སློབ་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་པས་མི་གཞན་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དེ་རྒྱ་གྲམ་དམར་པོའི་ཚེ་སྲོག་སློབ་གསོ་དང་མི་སྒེར་གྱི་རིན་ཐང་མངོན་འགྱུར་གཉིས་ཟུང་འབྲེལ་བྱས་ནས།  མཐོ་སློབ་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་པའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། མཐོ་སློབ་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་པས་མི་གཞན་ལ་གཅེས་སྐྱོང་དང་། སྤྱི་ཚོགས་ལ་ཞབས་ཞུ། ཁྱད་ཆོས་འགྲེམས་སྟོན་བཅས་བྱ་རྒྱུའི་འདུན་པ་སྐོང་ཡོད། ལོ་གསུམ་ནང་རིམ་རྩིས་བྱས་པ་ལྟར་ན། རྣམ་གྲངས་འདིས་ཞབས་ཞུ་ཐེངས60ལྷག་བྱས་པ་དང་། དང་བླངས་པ126ཞུགས་ནས་སྔ་རྗེས་སུ་ཁྲག་གི་ནད་ཕོག་པའི་བྱིས་པ85ལ་དང་བླངས་ཞབས་ཞུ་བྱས་ཤིང་དང་བླངས་ཞབས་ཞུའི་སྤྱིའི་དུས་ཚོད་ཆུ་ཚོད2000ལྷག་ཟིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།