ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས2023ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོའི་བསྡུ་ལེན་རྒྱུགས་གཞི་ཁང་ནས་རྒྱུས་ལོན་པ་ལྟར་ན། 2023ལོའི་རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ཐོན་ལ་ཉེ་བ་དང་། ད་ལྟ་རྒྱུགས་གཞིའི་གྲ་སྒྲིག་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱུགས་སྤྲོད་སློབ་མའི་བརྡ་འཕྲིན་ངེས་ལེན་དང་། རྒྱུགས་ར་བཀོད་སྒྲིག རྒྱུགས་ཤོག་བཀྲམ་པ། རྒྱུགས་གཞིའི་གསོ་སྦྱོང་སོགས་འབྲེལ་ཡོད་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱས་ཟིན། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2023ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་སློབ་མ11686ཡོད་པ་དང་། ཞིང་ཆེན་ཡོངས་སུ་ཁྱོན་རྒྱུགས་ལེན་ས་ཚིགས11དང་། རྒྱུགས་གནས17།རྒྱུགས་ར396བཀོད་སྒྲིག་བྱས་པ་དང་། རྒྱུགས་གཞིའི་ལས་སྒྲུབ་མི་སྣ2000ཉེ་བ་རྒྱུགས་སྤྲོད་རྩ་འཛུགས་བྱ་བའི་ཁྲོད་ཞུགས་ཡོད།     

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས2023ལོའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མགོ་ཁྲིད་གཙོ་བོའི་ཐེངས་མང་པོར་རྒྱུགས་སྤྲོད་རྩ་འཛུགས་དང་གྲ་སྒྲིག་བྱ་བར་མཆན་བཀོད་མཛུབ་སྟོན་གནང་བ་དང་། དོ་དམ་མགོ་ཁྲིད་ཀྱིས་ཐེངས་མང་པོར་ཆེད་དོན་གྲོས་ཚོགས་བསྡུས་ཏེ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་སློབ་གསོའི་རྒྱུགས་ལེན་ཁང་གིས2023ལོའི་རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་བདེ་འཇགས་བྱ་བའི་བརྙན་རིས་གྲོས་ཚོགས་དགོངས་དོན་ཏན་ཏིག་གིས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དང་། ཚན་རིག་ཚད་ལྡན། ཡུལ་བབ་དང་བསྟུན་ནས་གྲ་སྒྲིག་བྱེད་ཐབས་སོ་སོ་འཐུས་ཚང་དང་། ཞིབ་འཇུག་རྒྱུགས་སྤྲོད་ཚན་ཆུང་གིས་རིམས་འགོག་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ཚད་གཞི་ཆེས་མཐོ་ཤོས་དང་། བྱེད་ཐབས་ཆེས་གཟབ་ནན། འགན་སྲུང་ཏན་ཏིག་གིས། ཞིབ་འཇུག་རྒྱུགས་སྤྲོད་བྱ་བའི་བདེ་འཇགས་བརྟན་སྲུང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་“དུས་ལྟར་རྒྱུགས་ལེན”པ་དང་“རྒྱུགས་ལེན་འོས་མཁན་གྱིས་རྒྱུགས་ལེན་པ”“བདེ་འཇགས་ཞིབ་འཇུག་རྒྱུགས་སྤྲོད”ཀྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན། 

ད་ལོའི་ཞིབ་འཇུག་རྒྱུགས་སྤྲོད་ཀྱི་ཁྱད་ཆོས་གསར་བར་དམིགས་ནས། ཞིང་ཆེན་སློབ་གསོའི་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སྔོན་གྱི་རིམས་འགོག་བྱ་བའི་གྲ་སྒྲིག་བྱ་བ་ཤུགས་དྲག་ཏུ་བཏང་བ་དང་། རྒྱུགས་སྤྲོད་སློབ་མའི་ཉིང་སྐྱུར་བརྟག་དཔྱད་ལ་འགན་སྲུང་བྱས་པ་མ་ཟད། རྒྱུགས་སྤྲོད་སློབ་མའི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ལ་གཞི་བཅས་ཏེ། ཚན་རིག་ལུགས་མཐུན་སྒོས་རྒྱུགས་ར་སྒྲིག་བཀོད་བྱས་ཏེ། རིམས་ནད་ཉེན་ཁ་དེ་ཚད་རིམ་དམའ་ཤོས་སུ་བྱས། རྒྱུགས་ཤོག་བསྡུ་ལེན་དོ་དམ་བྱ་བར་ཤུགས་སྣོན་དང་། རྒྱུགས་ཤོག་ཞིབ་བཤེར་གྱི་རྣམ་པ་སྤྱད་དེ།  མི་དང་རྒྱུགས་ཤོག་སྡེབ་ཁ་འགྲིག་པར་འགན་སྲུང་བྱས་ནས། རྒྱུགས་ཤོག་ནོར་འཁྲུལ་མི་འབྱུང་བར་བྱས། དུས་ཐོག་ཏུ་རྒྱུགས་སྤྲོད་སློབ་མར་སྲིད་ཇུས་བློ་འདྲི་དང་རྒྱུགས་སྤྲོད་ཞབས་ཞུ་མཁོ་འབོན་བྱས་ཏེ། ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་བྱ་བ་བདེ་འཇགས་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།