ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་ཟླ12པའི་ཚེས21ཉིན་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ལ། རང་ཞིང་གི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འབུར་ཐོན་བཞག་པའི་ཚན་རྩལ་མི་སྣ་དང་ཚན་རིག་ཞིབ་འཇུག་དཔུང་སྡེ་ལ་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། ཞིང་ཆེན་ཡོངས་ཀྱིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་སློང་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་ཚོགས་འདུ་ལ་ཞུགས་པར་མ་ཟད། 2021ལོའི་ཚན་རིག་ལག་རྩལ་ལ་བྱས་རྗེས་ཆེན་པོ་བཞག་པར་བྱ་དགའ་ཐོབ་མཁན་གྱི་གུ་རུ་ལེ་ལ་བྱ་དགའ་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང། ཚོགས་ཞུགས་མགོ་ཁྲིད་བློ་མཐུན་གྱིས་རང་བྱུང་ཚན་རིག་བྱ་དགའ་དང་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་ཐོབ་མཁན་གྱི་འཐུས་ཚབ་པར་བྱ་དགའ་གནང་།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། བྱ་དགའ་ཐོབ་མཁན་གྱི་མི་སྣ་ཡོངས་དང་སྡེ་ཁག་ལ་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། མཚོ་སྔོན་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་ལས་རིགས་སོ་སོའི་མི་སྣར་བཀའ་དྲིན་ཞུས། ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་གྱི་གོང་འོག་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཚན་རིག་སློབ་གསོའི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ལ། གསར་གཏོད་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེན་པོ་བསྣན་པ་དང་། གསར་གཏོད་སྟེགས་བུའི་འདེགས་སྐྱོར་ནུས་པ་སྔར་ལས་འབུར་ཐོན་བྱས་ནས། ཚན་རྩལ་འཇོན་མིའི་དཔུང་སྡེ་སྔར་ལས་བརྟན་བརླིང་ངང་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ནས། གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར། རིམས་ནད་འགོག་སྡོམ་ལ་ཁ་གཏད་འཇལ་བ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཕྱོགས་ནས་བྱས་རྗེས་གལ་ཆེན་བཞག་ཡོད་པར་བསྟན། 

ཝུའུ་ཞའོ་ཅུན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་པར། ཚན་རྩལ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཐོན་སྐྱེད་ཀྱི་ནུས་ཤུགས་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ། གསར་གཏོད་ནི་སྒུལ་ཤུགས་དང་པོ་ཡིན་ལ། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་སོགས་ཁྱབ་ཁོངས་དེ་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་ནས། ཚན་རྩལ་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཕན་ནུས་མཐོར་འདེགས་གཏོང་བའི་སྟེང་གྲུབ་འབྲས་གསར་བ་ལེན་པ། རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞི་གོ་གནས་འབུར་དུ་ཐོན་པར་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་སྤྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གནད་འགག་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒྲོལ་སྟེང་གྲུབ་འབྲས་གསར་བ་ལེན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི། དམངས་འཚོ་ལེགས་སྒྱུར་སོགས་ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་པ། ཚན་རྩལ་ཆེད་དོན་གལ་ཆེན་ལག་བསྟར་བྱེད་པ། གནད་འགག་ལག་རྩལ་གྱི་འགག་སྒོ་གཏོར་བ་དང་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས། ཚན་རྩལ་སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་ལ་གྲུབ་འབྲས་གསར་པ་ལེན་པ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་ཕྱོགས་གཉིས་ཀྱིས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་གི་གནད་འགག་སྲོག་ཤིང་ལག་རྩལ་འགག་རྒོལ་ཁྲོད་ཀྱི་རྩ་འཛུགས་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ། ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་ལས་གཞིའི་དོ་དམ་ཕན་ནུས་མཐོར་འདེགས་གཏོང་བ། ཚན་རྩལ་གདེང་འཇོག་བཅོས་སྒྱུར་གྱི་གསོན་ཤུགས་ཆེར་བསྐྱེད་ནས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་མགོ་ཁུངས་ལ་གསོན་ཤུགས་སྣོན་དགོས། ཚན་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་པ་དང་། འཐབ་ཇུས་ཚན་རྩལ་འཇོན་མི་དང་ཚན་རྩལ་སྣེ་ཁྲིད་འཇོན་མི། གསར་གཏོད་དཔུང་སྡེ་བཅས་ཀྱི་སྐྱེད་སྲིང་དང་ནང་འདྲེན། འཚོལ་རྙེད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རང་ས་གནས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པ། མྱུར་མཁོའི་གསར་གཏོད་འཇོན་མི་སྐྱེད་སྲིང་བྱེད་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། རིགས་མི་འདྲ་བའི་འཇོན་མི་ཚོས་མཐོ་སྒང་ནས་ནུས་པ་འདོན་སྤེལ་བྱེད་པ་དང་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས། ཚན་རྩལ་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་པ། པུའུ་དང་ཞིང་ཆེན་གྱི་ཚན་རིག་གླིང་དང་ཁེ་ལས་ཀྱི་མཉམ་ལས་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རིམ་པ་མང་པ་དང་ཁྱབ་ཁོངས་རྒྱ་ཆེ་བའི་ཚན་རྩལ་བརྗེ་རེས་མཉམ་ལས་སྤེལ་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་པར་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་གལ་ཆེན་དུ་འཇོག་པ་དང་། སྤྱི་ཁོག་གི་འཆར་འགོད་དང་གཅིག་འདོམས་མཐུན་སྦྱོར། མ་ལག་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ཤུགས་སྣོན་པའི་སྟེང་ཤུགས་སྣོན་པ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་མཚན་སྙན་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་། བདེན་འཚོལ་དངོས་གཉེར་དང་གསར་གཏོད་བྱེད་པ། ཚན་རྩལ་གྱི་ཡང་རྩེར་སྙེག་པ། ཚན་རྩལ་གསར་གཏོད་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིསམཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2021ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་ཆོད་དོནསྒྲོག་འདོན་བྱས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན་གཉིས་གྲོས་ཚོགས་ལ་ཞུགས་ཤིང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས།

བྱ་དགའ་ཐོབ་པའི་འཐུབ་ཚབ་པས་ཚོགས་འདུའི་སྟེང་གཏམ་བཤད་གནང་། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།