ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་ཁེ་ལས་དང་དམངས་ཕན་བྱེད་ཐབས36བཏོན་ནས་དམངས་ལ་ཞབས་འདེགས་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས21ཉིན།  གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་ཤེས་གསལ་ལྟར་ན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས།  ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་།  མཐོ་རིམ་མཐར་ཕྱིན་སློབ་མའི་ལས་གཏོད་ལས་ཞུགས་ལ་ཞབས་ཞུ།  ཡུས་ཧྲུའུ་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་འཇགས།  སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ལ་སྐུལ་འདེད་བཅས་བྱ་ཆེད།  ཡུས་ཧྲུའུ་ཁུལ་གྱིས་དམངས་ཕན་བྱ་ཐབས36བཏོན་ནས་དམངས་ལ་ཞབས་འདེགས་ཞུས། 

ཐེངས་འདིའི་བཏོན་པའི་བྱེད་ཐབས་ནང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་།  དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  ཁེ་ལས་ཀྱི་དཀའ་གནད་སེལ་བ་སོགས་ཕྱོགས་དྲུག་ཐད་ནས་བསྡོམས་པས་དོན་ཚན36ཡོད།  དེ་དང་ཆབས་ཅིག་ཁེ་ལས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བྱ་ཆེད།  ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་ཁག་བགོས་ཅན་དང་།  རང་གཤིས་ཅན།  ཞིབ་ཚགས་ཅན།  གནད་སྨིན་ཅན་བཅས་ཀྱི་དྲིལ་བསྒྲགས་བྱས་ནས་སྲིད་ཇུས་ཀྱི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་སྟེ།  སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་།  ཁེ་ལས་ལ་གང་འདོད་དུ་གྲོན་དངུལ་བསྡུ་བ་དང་ཆད་པ་གཅོད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ།  དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་གང་བྱུང་དུ་གཏོང་བའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་།  ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་ཚད་ལྡན་ཅན་དང་།  ཕུགས་ཕན་ཅན།  ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།  ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་བཏང་།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།